中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། མེ་ཏོག་ཅིག་བཏུས་པ།
དུས་ཚོད།2019-07-22 10:42:49     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། མ་བྱན། [སི་ཁྲོན]    ཆུང་། | འབྲིང་། | ཆེ།
    ལང་ཚོའི་བྱབས་ཁྲུས་ལ་རོལ་བའི་མེ་ཏོག་སེར་ཆེན།
དགུན་ཟླ་འབྲིང་པོའི་གས་སྲུབས་ཀྱི་ངོགས་སུ།
རྨི་ལམ་གྱི་ལག་ཟུང་རེ་རེ་འོད་ཀྱིས་བསྲིངས།

ལས་སྐལ་གྱི་གཏད་སོ་ལྕི་བའི་ཞེན་ཆགས་སྦུབས་སུ།
ཆེས་ཐོག་མའི་འཁྲེང་སེམས་དང་མཛེས་སྡུག་བཏེགས་ཏེ།
མཉེན་གཤིས་ཀྱི་འཛུམ་མདངས་ཤིག་ལྷོད་ཀྱིས་བསྟན།

ཁྱོད་རང་འཇའ་འོད་ཀྱིས་བསླེས་པའི་མེ་ཏོག་ཅིག་དང་འདྲ་བར།
ཕྱི་གསལ་ནང་གསལ་གྱི་བརྩེ་བ་ཞིག་རུམ་སྟེ།
བབ་ཆགས་པའི་ཚུལ་གྱིས།     
དྭངས་གཙང་གི་བྱིས་བློ་ཞིག་སེམས་ལ་གླན།

འཛུམ་གྱིས་སྒྲུག་པའི་མེ་ཏོག་ལྟ་བུའི་ཁྱོད་རང་།
ངའི་ཡིད་སེམས་ཀྱི་སྒོ་གླེགས་བརྟོལ་ཏེ།
གློ་སྙིང་གི་རུས་རྐང་ག་ཙམ་བྲུས་ཏེ།
ལོ་དང་ཟླ་བ་ཅི་ཙམ་འགོར་བ་ཤེས་སམ།

ངས་གཞོམ་གཞིག་བྲལ་བའི་མེ་ཏོག་ཅིག་བཏུས་ཏེ།
ནམ་མཁའ་དང་རྒྱང་རིང་དྲན་བཞིན་ཁྱེད་ལ་ཆས་ཀྱང་།
ཁྱོད་བསླུ་བྲིད་ལ་སྐྲག་པས།
ང་བསླུ་བྲིད་ཀྱི་གཏན་ཚིགས་ལས་ཉམས་དམས་སུ་གྱུར།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།