中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། དགེ་ཆོས་དྲན་པ།
དུས་ཚོད།2019-09-05 09:03:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ལྷ་མོ་སྒྲོལ། [གཙོས]    ཆུང་། | འབྲིང་། | ཆེ།
    ༡
ཉི་མ་སྤྲིན་གྱིས་སྒྲིབ་ཞིང་ཟླ་བ་རབ་རུབ་ཏུ་གྱུར་པའི་མཚན་མོར།
ཁྱེད་ཉིད་རྒོད་པོ་ཞིག་གི་གཤོག་སྣེར་འཇུས་ཏེ།
མཁའ་དབྱིངས་ཀྱི་བང་རིམ་བརྒྱུད་ནས་སྐར་ཚོགས་ཀྱི་གསེབ་ཏུ་ཡལ།
ང་ཚོ་ནི་ཤུལ་དུ་ལུས་པའི་དྭ་ཕྲུག་བཞིན།
མགོན་མེད་སྐྱབས་མེད་དུ་གྱུར།
             ༢
ང་ཚོའི་ཡལ་ཐབས་མེད་པའི་སེམས་ཁོང་གི་རྨ་ཁ་དང་སྡུག་བསྔལ་གྱི་མིག་ཆུས།
ཉིན་མཚན་མེད་པར་ཁྱེད་ཉིད་གླེང་བཞིན།
འོད་སྣང་འཕྲོ་བའི་གསུང་ངག་རེ་རེ།
བླ་མེད་ཀྱི་མཛད་རྗེས་རེ་རེ།
ལོ་ཟླའི་ཆར་ཆུའི་འཇིགས་པ་མེད་པར་ལྷང་ངེར་བརྗིད།
ཁྱེད་ལ་ལྷག་བསམ་གྱི་འོ་མཚོ་འཁྱིལ་ཞིང་།
འགྱུར་མེད་ཀྱི་སྙིང་སྟོབས་ལྡན།
             ༣
དྲང་བདེན་དང་གནས་ལུགས་ཀྱིས་ཕྱུག་པའི་མི་རིགས་ཀྱི་གཟུ་བོ།
ང་ཚོའི་འབྱུང་འགྱུར་དང་མ་འོངས་བར་ཁ་དོག་སྐྲུན་མཁན་ཏེ།
མི་རིགས་ཀྱི་དཔའ་བོ།
ལོ་རྒྱུས་ཀྱི་རྡོ་རིང་བརྗིད་པོ།
ཁ་ཆར་གྱི་རྔམ་ཁ་རྒོད་ཅིང་།
ཁྱི་སྤྱང་གི་ངུ་ཟུག་གཟན་པའི་ལོ་ཟླའི་ཁྲོད།
ཉམས་ཆུང་གི་གཤོག་ཟུང་བརྐྱངས་ནས་གང་དུ་འཕུར་སོང་།
འགྱོད་སེམས་ངུ་འབོད་ཀྱི་སྨག་རིམ་བསྣམས་ནས་གང་དུ་བཞུད་སོང་།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།