中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། གྱེས་བྲལ་གྱི་གློད་པ།
དུས་ཚོད།2019-09-13 14:34:20     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། མ་བྱན། [དཀར་མཛེས]    ཆུང་། | འབྲིང་། | ཆེ།
    གྱེས་བྲལ་གྱི་ལོ་མ་འཐོར་སའི་མཇུག་མཐའི་འབབ་ཚིགས་དེ་ནས།
འུ་གཉིས་ཀྱི་འདས་སོང་དང་རྨི་ལམ་ལ་རྟིང་ཤད་བྲིས་ཤིང་།
ཞེན་ཆགས་ཀྱི་སྨྲེང་གླུ་དང་།  ཕྱིར་མིག་གི་གདུང་བ་རེ་རེ།
རྒུན་ཆང་ཕོར་བ་གང་གི་བཟི་ཚུལ་ལ་འཁྲུལ།

བདེ་མོ་འཇོག་ཚུལ་གྱི་ལག་ཟུང་ཞིག་གློད་རྗེས།
བཤད་བསམ་པ་གང་དེ་བཤད་རྗེས།
ཁྱོད་གྲིབ་མའི་གཟུགས་ཀྱི་ངང་གིས་མོག་པར་གྱུར།

གྲང་ཤུར་ཤུར་གྱི་གྲོང་ཁྱེར་ཞིག་ནས།
མིག་གིས་བརྩིས་པའི་ལོ་དང་ཟླ་བ།
དུས་ཚོད་ཀྱི་སྒྲོམ་གཞི་ལས་མེད་པར་གྱུར་ཞིང་།
ཐག་ཉེ་བའི་སེམས་པ་གཉིས་དུམ་བུར་གས།

བཀྲག་མདངས་འཚེར་བའི་རང་དབང་གི་གཤོག་ཟུང་ཆ་གཅིག
འཁྱག་སིབ་སིབ་ཀྱི་དགུན་ཁ་ཞིག་ཏུ།  སྒྲོ་སྤུ་འཐོར་ཞིང་།
ཆ་ག་ཡ་བྲལ་དུ་འགྱུར་བར་བརྩམས་པས།
གཤོག་འགྱུར་གྱི་འདབ་མ་རེ་རེ་ཁྲོམ་ཁྲོམ་དུ་ས་རུ་ལྷུང་།

སེམས་པ་འཁོར་བའི་ཞེ་འདང་གི་ལན་ཆགས་མཐའ་དག
ལས་སྐལ་གྱིས་རྒས་པའི་འོད་ཟེར་གྱི་མེ་དཔུང་སེར་ཆེན།
བྲལ་བའི་མིག་གི་རིང་དུ་བཀྱེད་ཅིང་།
ཉི་ནུབ་ཀྱི་བྱ་ཁྱུ་དང་འདྲ་བར་རང་སོར་གྱེས།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།