中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། བརྩེ་བའི་བླ་སྲོག --- དགེ་རྒན་དུས་ཆེན་ལ།
དུས་ཚོད།2019-09-19 11:27:15     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། རྟ་མགྲིན་རྡོ་རྗེ། [བསང་ཆུ]    ཆུང་། | འབྲིང་། | ཆེ།
གངས་རིའི་ལྗོངས་ཞེས་གྲགས་པའི་ཡུལ་གྲུ་འདིར།།
ཐབས་ཤེས་རྩལ་གྱིས་ཡི་གེ་བཏོད་པའི་རྗེ།།
དམ་པ་འཇིག་རྟེན་མིག་ཅེས་གྲགས་པའི་སྐུ།།
སློབ་དཔོན་ཐོན་མིའི་ཞབས་ལ་གསོལ་བ་འདེབས།།

གདུང་རྒྱུད་འཁོན་གྱི་འཕྲུལ་ལས་སྐྱེས་པ་ཡི།།
ས་སྐྱ་བ་ཡི་ཕུགས་བསམ་ལྗོན་པ་ལ།།
སྔར་མེད་འབྲས་བུས་ཕྱུག་མཛད་རིག་པའི་བུ།།
རྟག་བརྟན་ས་པཎ་ཞབས་ལ་གསོལ་བ་འདེབས།།

སྲ་འཐས་རུས་ཀྱི་གཞུང་ཤིང་མཛེས་པའི་ཏོག།
སྔོན་མཐོང་མཁྱེན་པའི་བདག་ཉིད་གཅིག་པུ་བ།།
བཀའ་དྲིན་བོད་ལ་བསྐྱངས་པའི་སློབ་གསོ་བ།།
ཆོས་རྗེ་དོན་གྲུབ་ཞབས་ལ་གསོལ་བ་འདེབས།།
ཟབ་མོ་རིག་པའི་གཏིང་མཐའ་འགྲིམས་པའི་མཐུས།།
མ་ལུས་རྨོངས་པའི་མུན་པ་རབ་འཇོམས་ཤིང་།།
བརྡ་སྤྲོད་ཕྱི་མོའི་སྣང་བ་གསལ་མཛད་མཁན།།
དམུ་དགེ་བསམ་གཏན་ཞབས་ལ་གསོལ་བ་འདེབས།།

ཐོས་བསམ་དཔྱོད་པའི་རལ་གྲི་འཕྱར་བའི་སྤོབས།།
ཤེས་རིག་དགའ་ཚལ་ཡངས་པོར་གཞལ་བའི་མགོན།།
དེང་རབས་སློབ་གསོའི་འཕྲུལ་གྱི་བྱེད་པོའི་མཆོག།
དུང་དཀར་བློ་བཟང་ཞབས་ལ་གསོལ་བ་འདེབས།།

མཐའ་འཁོབ་ཡུལ་གྱི་དཀའ་ཐུབ་བཟོད་པ་ཡི།།
བྱམས་དང་བརྩེ་བའི་རིག་པས་སྲི་ཞུ་སྒྲུབ།།
ཤེས་རིག་ནོར་བུའི་རྒྱལ་མཚན་སྒྲེང་བའི་མཆོག།
འཇིགས་མེད་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།