中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སྐུ་འབུམ།
དུས་ཚོད།2020-04-22 11:27:01     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། ཀླུ་ཤོད་སྙིང་དཀར། [བསང་ཆུ]     ཆུང་། | འབྲིང་། | ཆེ།
 གཏམ་རྒྱུད་ཀྱི་མེ་ཏོག་མང་པོ།
ཨ་མའི་ཡིད་ཀྱི་ལྡུམ་ར་ན་ལམ་མེར་བཞད་པས།
ངས་མིག་ཟུང་བཙུམས་ནས་དྲི་མ་སྣོམ་ཚེ།
གང་ནི་ལྷ་ས་ཡིན་ཚུལ་དང་།
གང་ནི་སྐུ་འབུམ་ཡིན་ཚུལ་གསལ་བོར་ཤེས་འོང་།
 
དེ་རིང་ང་ཨ་མའི་གཏམ་རྒྱུད་ཀྱིས་ལམ་ཁྲིད་དེ།
འཆར་ཡན་སྣ་ཚོགས་ཀྱི་ལམ་བུ་བརྒྱུད་ནས་ཐོན་བྱུང་།
ཡུན་རིང་སེམས་སུ་ཉར་བའི་སྐུ་འབུམ་ལ་ཐོན་དུས།
ངའི་དད་པའི་ཀློང་གི་ཆ་ཡོད་ཀྱི་སྐུ་འབུམ།
མི་ཚོགས་དང་པ་སེའི་བར་ནས་རྒྱུས་མེད་དུ་གྱུར།
འདྲ་པར་ལེན་མཁན་གྱི་ཨ་ཅག་དེ།
ཇི་འདྲའི་སྙིང་དུ་སྡུག་ཚུལ།
མོའི་སྒོར་ཁུག་གིས་འགྲེལ་བརྗོད་གནང་ཞོར།
ཤ་རྩ་སྨུག་སྨུག་ཅན་གྱི་ངའི་གདོང་བའང་།
སྐུ་འབུམ་དང་མཉམ་དུ་ཁུག་མར་བཅུག་ནས་འཁྱེར།
 
དེ་ལྟར།  མིག་རིག་རིག་གིས་རི་བོ་ཞིག་འཚོལ་ཞོར།
སེམས་ཀྱི་སྐུ་འབུམ་དང་གྱེས་ནས་ཟི་ལིང་དུ་ཐོན།
ཟི་ལིང་ནས་ངས་ཚུར་ཡོང་སའི་རང་གི་རྐང་རྗེས་ལ་བལྟ་ཞོར།
རང་སེམས་བྱ་རུ་སྤྲུལ་ནས་འཕུར་ཡོད།
བྱང་ཉི་མ་བླ་བྲང་དུ་འཕུར་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།