༄༅།། སློབ་གྲོགས་ཚོར་ཕུལ་བའི སྙིང་གཏམ། - སྙན་ངག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སློབ་གྲོགས་ཚོར་ཕུལ་བའི སྙིང་གཏམ།
དུས་ཚོད།2020-07-24 10:41:02     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
 ཀ་ར་བུ་རམ་སྦྲང་རྩིའི་མངར་ཟས་དང་།།
ཁ་ཚ་ཉ་ཉོག་ཟས་རིགས་སྣ་ཚོགས་འདི།།
ག་ལེར་ཡུན་རིང་ཟོས་ན་ནད་ཀྱི་གཞི།།
ང་དང་ང་འདྲའི་གྲོགས་པོས་སེམས་ལ་ཟུངས།།
 
ཅ་ལག་སྣ་ཚོགས་བཞི་བརྒྱ་ལྔ་བརྒྱའི་ཡན།།
ཆ་ལུགས་ཀུན་དང་མི་མཐུན་ཡ་མ་གཟུགས།།
ཇ་ཁང་ཆང་ཁང་འགྲིམས་པའི་སློབ་གྲོགས་ཚོ།།
ཉ་ཉོག་བྱ་སྤྱོད་དེ་དག་སྤོང་པར་རེམ།།
ཏ་ལེན་ཕྲག་པར་ཁུར་བའི་ཕ་མ་ཚོ།།
ཐ་དད་རིགས་དྲུག་ཁམས་ལ་མ་སོང་ཡང་།།
ད་ལྟའི་བར་དུ་བསགས་པའི་རྒྱུ་ནོར་ཀུན།།
ན་ཆུང་སློབ་གྲྭར་གཏོང་བའི་རྒྱུ་རུ་ཟད།།
པ་སངས་ལྟ་བུའི་ལྷག་བསམ་ང་མེད་ཀྱང་།།
ཕ་མའི་སེམས་ཀྱི་སྙིང་གཏམ་དྲོན་མོ་འདི།།
བ་འབྲིའི་འོ་ལྟར་དྭངས་གཙང་ལྷད་མེད་ཡིན།།
མ་བརྗེད་སེམས་ལ་ཟུངས་ཤིག་སློབ་གྲོགས་ཚོ།།
 
ཙ་རི་གནས་སྐོར་བྱེད་པའི་སྙིང་སྟོབས་ཅན།།
ཚ་གྲངས་གདོང་གིས་བསུ་བའི་ཕ་མ་ཚོར།།
ཛ་ཏི་སྙིང་ལ་ཕན་འདྲའི་དྲིན་ལན་འཇོལ།།
ཝ་མོའི་གཡོ་སྒྱུ་རྒྱུད་ནས་དོར་བར་རེམ།།
ཞྭ་གོས་ལ་སོགས་གང་མཛེས་མི་འགྲན་ཞིང་།།
ཟ་མ་གང་སྦྱིན་ཐམས་ཅད་མི་ཟ་བར།།
འ་འུར་དགོས་མེད་སྐད་ཆ་མི་བཤད་པར།།
ཡ་མ་གཟུགས་ཀྱི་ཆ་ལུགས་འདོར་བར་རེམ།།
 
ར་མ་ལུག་གི་སྤྱོད་པ་རིང་དུ་དོར།།
ལ་ལུང་གང་ཞིག་འགྲིམས་ཀྱང་སློབ་ལ་བརྩོན།།
ཤ་སྟག་ཟེར་བཞིན་ཁ་ནས་མི་བརྗོད་པར།།
ས་ལའི་ལྗོངས་འདི་འཛུགས་སྐྲུན་བྱེད་པར་རེམ།།
 
ཧ་ཅང་བརྩེ་བའི་སློབ་གྲོགས་ཚུར་ལ་གསོན།།
ཧ་ཧ་ཟེར་ནས་འཕྱ་དམོད་མ་བྱེད་ཅིག།
ཨ་གསར་མ་ཟེར་བཅོས་མིན་སྙིང་གི་གཏམ།།
ཨ་མའི་བུ་ཞིག་ཡིན་ན་གཏམ་འདིར་ཉོན།།
                                                                                                         (དམའ་གསུམ་འཛིན་གྲྭ་བཅུ་གཅིག་པའི་སློབ་མ་དགེ་ལྡན་སྐྱིད།)
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།