中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ཕ་ཡུལ།
དུས་ཚོད།2020-09-22 10:25:28     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། གཙང་ཞོགས་སྤྲིན། [སི་ཁྲོན]     ཆུང་། | འབྲིང་། | ཆེ།
 ཅི་ཙམ་རྒྱང་དུ་བསྐྱོད་ཀྱང་མཐའ་མཇུག་གི་ལོག་མལ།།
ག་ཙམ་གཞན་ཡུལ་འགྲིམས་ཀྱང་རྨི་ལམ་གྱི་ཞིང་ས།།
སྐྱིད་དུས་བརྗེད་རྒྱུ་མེད་པའི་སེམས་ཁོང་གི་གཞིས་ཁྱིམ།།
སྡུག་དུས་དྲན་ཡང་སླ་བ་བདེ་ལྡན་གྱི་ཞིང་མཆོག།
 
ཆུང་དུས་སྣང་བ་དྭངས་སའི་གསེར་མདོག་གི་ཡུལ་གྲུ།།
གཞོན་དུས་འཁྲེང་ཞེན་དམར་བོའི་ཕྱིར་མིག་གི་དྲན་རྟེན།།
རྒས་དུས་ཡི་གེ་དྲུག་མའི་དབྱངས་རྟ་ཡི་མཆོད་གནས།།
འཆི་དུས་བར་དོ་འགྲིམ་པའི་རྣམ་ཤེས་ཀྱི་འཁྲེང་ཡུལ།།
 
ཐོག་མའི་ངུ་སྐད་མཆེད་སའི་གླུ་ངག་གི་ཕ་ས།།
མཐའ་མའི་རྣམ་ཤེས་བྲལ་སའི་དུར་ཐང་གི་བསྟི་གནས།།
སྐྱིད་སྡུག་སེམས་ཀྱི་རྟ་ཕོའི་ཆགས་སྡང་གི་སྤང་ཐང་།།
ཤི་གསོན་ལུས་ཀྱི་གྲིབ་སོའི་ཉིན་སྲིབ་ཀྱི་ས་མཚམས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།