༄༅།། བྱི་ལ། - སྙན་ངག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། བྱི་ལ།
དུས་ཚོད།2020-09-22 10:26:45     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། བྲན། [མཚོ་སྔོན]     ཆུང་། | འབྲིང་། | ཆེ།
ཨ་ཁུའི་སེམས་པ་སྲེད་པས་གདུངས་པའི་ཚེ།།
བཅོས་མའི་དུང་སེམས་སྒོར་གྱི་ཆེད་དུ་བྱས།།
སྤུ་ཡི་གསེབ་ནས་གཡོ་དང་སྒྱུ་མའི་གཤིས།།
ལྷང་ལ་བུད་པའི་ཉམས་སྣང་གཞན་གྱིས་ཚོར།།
 
ཧམ་སེམས་སྤྱོད་པའི་ཀུན་སློང་ལག་བསྟར་ན།།
རྔ་མ་གཅོད་པའི་ལས་ཀྱིས་ནོངས་ན་ཡང་།།
གཡོ་སྒྱུའི་ཚིག་གི་ཕྲེང་བས་གཡུལ་བཤམས་ཏེ།།
ཉམ་ཆུང་བྱི་བའི་ཚོགས་ལ་ཆོས་འཁོར་བསྐོར།།
 
མ་རིག་རྨོངས་པའི་སྨག་གིས་ས་ཆེན་གདོང་།།
བཀབ་པའི་ཚུལ་ལྟར་རང་ཉིད་རྨོངས་པ་དེས།།
དགེ་སྡུག་སྟོན་པའི་ཟོལ་ལ་མཁས་པའི་ཚོགས།།
ཅིས་ཀྱང་མི་དགོད་རང་དབང་གང་ན་ཡོད།།
 
རང་གི་འཁོར་ལ་གདམས་པའི་ཕ་རོལ་ནས།།
སྒོར་དང་ཟས་ཀྱིས་ལུས་སེམས་རྒྱས་པའི་ཚེ།།
ཐམས་ཅད་ཐེ་ཚོམ་མིག་གིས་བལྟས་ན་ཡང་།།
ཨ་ཁུའི་སྲེད་པ་འཕེལ་བའི་སྟངས་ཀ་རྒོད།།
 
ཚུལ་མིན་འཕྲོག་པའི་བློ་ཡིས་སྒྲིབ་མིན་ན།།
བྱི་ལའི་ཚ་བོས་དབང་བསྒྱུར་བྱེད་ཉེན་འདུག།
དེས་ན་ན་མཉམ་གྲོགས་ཀྱིས་དཔུང་བསྒྲིགས་ཏེ།།
བློ་རྩལ་སྒྲིམ་པའི་སེམས་པ་མ་ལྷོད་ཨང་།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།