中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། གྱེས་ བྲལ།
དུས་ཚོད།2020-10-14 15:19:00     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཧྲེང་བུ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།

གྱེས་བྲལ་ནི།
ཁྱོད་ཀྱི་ལག་པ་ལས་ལག་པ་གཞན་ཞིག་བྱེ་མར་ཟགས་པ་སྟེ།
ཁྱོད་ཀྱི་མཛུབ་མོའི་རྩེ་ནས་མེ་སྟག་མཆེད་པ་བཞིན།
དུས་ཚོད་ཐུང་ཐུང་དེ་ཡིད་ལ་ཚ་ལམ་ལམ་ལྷུང་ཡོང་བ་ཞིག་ཡིན།
དེའང  ཁྱོད་ཀྱིས་ང་ལ་ཁ་རོག་གེར་སྐྱེལ་མ་བྱེད་སྟངས་ཤིག་རེད།
ཁྱོད་ཀྱིས་སྐད་ཆ་ཅི་ཡང་མ་བརྗོད་མ་སོང་།
ཡིན་ནའང  ཁྱོད་ཀྱི་མིག་ཟུང་གིས།
སྐད་ཆ་མང་བོ་ཞིག་བརྗོད་དེ།
ང་ལ་དམ་དུ་འཁྱུད་ནས་ཡང་ཡང་ངུ་བཞིན་འདུག
ཁྱོད་ཀྱིས་ང་ལ་བདེ་མོ་ཙམ་ཡང་མི་ཟེར་ནའང་།
ང་ཡི་མོ་ཊའི་ཤེལ་སྒོའི་ངོས་སུ།
ཁྱོད་ཀྱིས་བདེ་མོ  བདེ་མོ་ཟེར་བའི་ཡི་གེ་མང་པོ་འཚངས་ནས།
མཐོང་ལམ་རབ་རིབ་ཏུ་བཏང་།

མཐར་ནི  ཡི་གེ་དེ་དག་རོལ་དབྱངས་སུ་གྱུར་ཏེ།
དེ་ཡིས་ཁེར་རྐྱང་གི་ནམ་མཁའ་ཧྲིལ་བོ་སྨྲེང་བས་བཀང་བར་བྱས་སོང་།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།