中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། དཔྱིད་ཀྱི་དགའ་མ།
དུས་ཚོད།2020-10-14 15:21:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། རྡོ་སྦིས་ཀླུ་རྒྱལ་དོན་གྲུབ། [གཙོས]    ཆུང་། | འབྲིང་། | ཆེ།

བརྩེ་གདུང་གི་ངར་ཤུགས་ཀྱིས།
གྲང་རླུང་གི་གདུང་བ་ཕར་ལ་བསྐྱལ།
སྙིང་གཏམ་གྱི་ལྕགས་ཀྱུ་ཡིས།
བསིལ་རླུང་གི་དྲོད་འཇམ་ཚུར་ལ་བཀུག
གསོན་ཤུགས་རྒྱས་པའི་སྐྱེས་དངོས་སྟོང་ཕྲག་གིས།
འུ་གཉིས་ལ་དབང་བའི་ཡིད་འོངས་མཛེས་ལྗོངས་ཤིག
འཇོལ་མོའི་གསུང་སྐད་ཁྲོད་ནས་བསྩལ་བྱུང་།
དེ་ནི་དགུན་གྱི་ཁ་བ་བཞིན་ཞི་མི་འགྲོ་ལ།
དབྱར་གྱི་མེ་ཏོག་ལྟར་ཐོར་ཡང་མི་སྲིད།
ཁྱོད་ནི་དཔྱིད་དཔལ་གྱི་ཕ་རོལ་དུ་འཛུམ་པའི།
ངའི་སེམས་གཏིང་གི་མཛའ་མོ་ཡིན།
ཁྱེད་ལ་དབྱར་ཕ་མ་འདྲ་བའི་བྱམས་སེམས་མངའ་ལ།
དགུན་རྒྱ་སྟག་ལྟ་བུའི་ཁྲོ་གཉེར་ཡང་ལྡན།
ཁྱེད་ནི་གོ་ལའི་སྤྱི་གཙུག་ཏུ་བཞུགས་པའི་དཔལ་ལྡན་ལྷ་མོ་ཡིན།
ཚེ་སྲོག་གྲངས་མེད་ཅིག་ལ་ངར་ཤུགས་བསྩལ།
ཁྱེད་ཀྱི་སྙན་འཇེབས་གསུང་དབྱངས་དང་སྦྲགས་ནས།
གསང་བ་འབའ་ཞིག་གི་སྒོ་མོ་འབྱེད།

འོ།  དཔྱིད་ཀྱི་མཛའ་མོ་ལགས།
ངས་དགུན་གྱི་འཁྱག་གྲང་ནང་ནས་ཁྱོད་རང་དྲན་མྱོང་ལ།
དབྱར་གྱི་ཚ་གདུག་བར་ནས་ཁྱེད་རང་བོས་ཀྱང་མྱོང་།
ཁྱེད་དོན་དུ་ངའི་རེ་ལྟོས་མང་པོ་ཞིག་རྨི་ལམ་ལ་བཅོལ་མྱོང་ལ།
ཁྱེད་དོན་དུ་རྨི་ལམ་མང་པོ་ཞིག་མཇའ་ཚོན་ལ་ཤར་མྱོང་།
ཁྱེད་ནི་ནམ་ཡང་ངའི་སེམས་གཏིང་ཏུ་བརྐོས་པའི་རྡོ་རྗེ་རི་མོ་ཡིན།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།