中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། མིག་ཆུའི་ཇ་ཞིག་བསྐོལ།
དུས་ཚོད།2020-11-18 15:46:27     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། (གཞན་གཅིག)ནག་བཟའ་སྐར་བརྒྱ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
༄༅།། མིག་ཆུའི་ཇ་ཞིག་བསྐོལ།

(གཞན་གཅིག)ནག་བཟའ་སྐར་བརྒྱ། [མཚོ་སྔོན]
    སྨུག་པ་ལང་ལོང་ཞིག་གིས་དཀྲིས་ཤིང་།
སྒོ་ཁྱི་རྒྱ་ལུ་ཞིག་གིས་སྲུང་བའི་རི་སྡེ་འདི།
ཁ་སང་གི་ལྷ་སྒྲུང་ན་མཆེད་པའི་དག་ཞིང་གི་ཡུལ་གྲུ་དེ་ཡིན་ནམ།

དཀར་བོང་བོང་གི་སྤྲིན་པ་ལ་ནམ་མཁའ་ཞེས་པའི་བདག་པོ་ཞིག
འབའ་དིར་དིར་གྱི་ལུག་ཁྱུ་ལ་ལུག་རྫི་ཅེས་པའི་ཤན་པ་ཞིག

རྩྭ་ཁུད་དུ་གཉིད་པའི་བུ་མོ་ཞིག་གིས།
རྨི་ལམ་ནས།  དྭངས་ཤིང་གཙང་བའི་བརྩེ་དུང་གི་ཆུ་མོ་ཞིག
སྐྱོགས་ལ་བཅུག  མཆིན་ཁར་གླན།
འབྲོང་བྲེ་ལོ་གཤར་ཤུལ་ཅིག་ན།
སྙན་ངག་པ་ཞིག་གིས་ཨོང་བའི་མེ་ཞིག་གསོས།
མིག་ཆུའི་ཇ་ཞིག་བསྐོལ།
    ཉི་མ་ནི་རི་མོ་བ་ཞིག་རེད།
ཉི་མ་ནི་རི་མོ་བ་ཞིག་རེད།
འོད་ཀྱིས་གངས་རི་བྲིས།  རྩྭ་ཐང་བྲིས།
རྟ་ནོར་ལུག་གསུམ་བྲིས་ཡོད་ལ།
ངའང་ནམ་མཁའི་མདུན་ནས་རྗེན་པར་བྲིས་ཡོད།།
                                                                                         རྩོམ་སྒྲིག་པ། སངས་རྒྱས་སྐྱིད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།