中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སྲོག་གི་ཀ་བ་ང་ཡི་ཨ་མ་ཡིན།
དུས་ཚོད།2020-11-18 15:49:44     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཙ་སུར་སྦྱིན་པ། [བསང་ཆུ]    ཆུང་། | འབྲིང་། | ཆེ།
༄༅།། སྲོག་གི་ཀ་བ་ང་ཡི་ཨ་མ་ཡིན།

ཙ་སུར་སྦྱིན་པ། [བསང་ཆུ]
ཀ་ནས་དག་པའི་ཨ་མའི་བྱམས་བརྩེ་ཡི་སྙིང་སྟོབས།།
ཁ་ནས་གླེང་ན་ཧ་ཧའི་དགོད་གཏམ་ལས་མེད་ཀྱང་།།
ག་ལེར་དཔྱད་ན་ཨ་མའི་ཚེ་སྲོག་གི་འདུ་བྱེད།།
ང་ཡི་ཆེད་དུ་ཧ་ཧོ་མིན་པ་རེ་རྟོགས་ཡོང་།།

ཅ་བོ་ལོངས་སྤྱོད་ས་ལ་འདང་རྒྱག་ནི་མེད་མོད།།
ཆ་ལུགས་ཡ་མའི་ཤ་ཉེའི་ཐག་རིང་སར་གྱེས་ནས།།
ཇ་ཆང་དོན་དུ་ལ་བརྒྱབ་ལུང་བརྒྱབ་རེ་བྱེད་ཀྱང་།།
ཉ་ཆུ་མཐུན་པའི་ར་བ་གོང་བུ་རུ་སྒྲིལ་ངེས།།

ཏ་ཐཱ་ག་ཏའི་ཡ་རབས་སྤྱོད་བཟང་དང་གོམས་གཤིས།།
ཐ་ཆད་དང་ནི་འ་ཆུང་ནུས་མེད་ཅིག་ཡིན་རུང་།།
ད་རེས་ཕན་པར་ཟ་ཟིའི་འཁོར་བ་ཡི་ངོས་སུ།།
ན་རག་མ་ཡིན་ཞ་ཞས་གཉོར་སྐྱོང་ལ་ལྟོས་དང་།།

པ་ཀི་སི་ཐན་ཝ་ཁའི་འཇིགས་རྔམ་གྱི་སྣང་བ།།
ཕ་མའི་བྱམས་བརྩེ་ཛ་ཡའི་རྒྱལ་བ་ལས་ཆུབ་པས།།
བ་ཀུ་འགྲམ་ཆུས་ཚ་བའི་ཚོར་བ་ནི་མེད་བཞིན།།
མ་མོ་མ་བུར་ཙ་ར་ནམ་ཡིན་ཡང་འགྲན་མེད།།

ཙ་ན་ག་ཞིག་མ་བུའི་བརྩེ་བ་ལ་འཇོག་ན།།
ཚ་གྲང་སྡུག་གིས་བ་མོ་ཞུ་བ་ཡང་རང་རེད།།
ཛ་དྲག་ཆེ་རུང་ཕ་བཟང་མ་བཟང་གི་བློ་གྲོས།།
ཝ་ཁའི་ཆུ་མོ་པ་ཏོའི་སྐྱེས་སྟོབས་བཞིན་ཕན་ཡོད།།

ཞ་ཉེ་ལ་སོགས་ན་བའི་སྡུག་བསྔལ་ཡང་མེད་པར།།
ཟ་ཧོར་ཆོས་རྒྱལ་ད་འདིར་ཕྱི་མིག་གིས་འཚོས་ན།།
འ་ལེ་འོལ་ལེ་ཐ་གའི་འཚོ་བ་ལ་གཟིགས་ཏེ།།
ཡ་རབ་ཆོས་ཀྱི་ཏཱ་རེ་སྒྲོལ་མ་བཞིན་བསྐྱངས་ཨང་།།

ར་བ་གངས་རི་ཉ་དང་གཙང་བོ་བཞིན་འདྲིས་ཤིང་།།
ལ་ལུང་སོང་ཡང་ཇ་ལོའི་སྦང་ཇ་འདི་རོལ་ཡང་།།
ཤ་དར་ལུས་ཀྱི་ཆ་ལུགས་བོད་མི་རང་ཡིན་པས།།
ས་ཆེན་འཇལ་རུང་ཅ་གའི་བདག་པོ་དེ་རང་ཡིན།།

ཧ་ལམ་མང་པོས་ང་ལ་འཕྱ་དམོད་འདྲ་བྱས་རུང་།།
ཨ་མའི་དྲིན་ལ་ག་ལེར་མནོ་བསམ་རེ་བཏང་ན།།
ཧ་ལས་འགྱོད་པས་ཁ་སེམས་གཉིས་མེད་ཀྱི་ངང་ནས།།
ཨ་མར་ཞེན་པའི་ཀ་བ་སྲོག་རྟེན་དུ་བཞེངས་སོ།།
                                                                                                རྩོམ་སྒྲིག་པ། སངས་རྒྱས་སྐྱིད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།