中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ལས་སྣང་།
དུས་ཚོད།2020-12-02 11:43:16     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། གཙང་ཞོགས་སྤྲིན། [སི་ཁྲོན]    ཆུང་། | འབྲིང་། | ཆེ།
༄༅།། ལས་སྣང་།
གཙང་ཞོགས་སྤྲིན། [སི་ཁྲོན]
ཁམས་གསུམ་འཁོར་བ་སྒྱུ་མའི་གྲོང་ཁྱེར།།
རིགས་དྲུག་སེམས་ཅན་སྒྱུ་མའི་བདག་པོ།།
མཐའ་མེད་སྡུག་བསྔལ་ལས་ཀྱི་རྣམ་སྨིན།།
མ་རིག་རྨོངས་པ་འཁོར་བའི་གཏིང་རྡོ།།

འདི་སྣང་མ་ལུས་སྔོན་གྱི་ཚོགས་བསགས།།
འདི་བྱས་ཐམས་ཅད་ཕྱི་མའི་ལམ་ཆས།།
འཁོར་བའི་ཆོས་ཉིད་ལས་ཀྱི་སྔ་གཞུག།
བསླུ་མེད་རྒྱུ་འབྲས་དུས་ཀྱི་སྔ་གཞུག།

མི་ལུས་བེམ་རོ་ཞག་གཅིག་མགྲོན་ཁང་།།
རྣམ་ཤེས་འཁྱམ་པོ་ལན་གཅིག་མགྲོན་པོ།།
ཡིད་ཀྱི་ཤེས་པ་འཇིག་རྟེན་བྱེད་པོ།།
ལུས་ཀྱི་ཡན་ལག་འཁོར་བའི་བྲན་གཡོག།

འཇིག་རྟེན་འཁོར་བ་ཟོ་ཆུན་འཁོར་ལོ།།
མི་ཚེ་ཐུང་ཐུང་རྨི་ལམ་ཐེངས་གཅིག།
དགེ་སྡིག་སྣང་བ་སེམས་ཀྱི་འདུ་འགོད།།
བདེ་སྡུག་ཚོར་བ་སྐད་ཅིག་སེམས་འགྱུ།།

གཟུང་བ་ཕྱི་སྣོད་འཁྲུལ་བའི་ཕོ་བྲང་།།
འཛིན་པ་ཡུལ་ཅན་གླང་ཆེན་སྨྱོན་པ།།
མི་ཚེའི་སྐྱིད་སྡུག་སྟོན་ཁའི་གནམ་ངོ་།།
ཚེ་རབས་འདི་ཕྱི་སྐབས་ཀྱི་ལས་སྣང་།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།