༄༅།། དག་གཙང་གི་ཕ་ཡུལ།
(གཞན་གཅིག)ཙན་དན་དམར་པོ། [སི་ཁྲོན]
དམར་སེར་འོད་ལྔ་ཡི་ཐིག་ལེ།།
འཇའ་རིས་ལང་ཚོ་ཡིས་སྤྲས་འདུག།
དགའ་སྤྲོ་བདེ་སྐྱིད་ཀྱི་རླུང་བུས།།
ནང་སེམས་ལང་ལོང་དུ་གཡོས་བྱུང་།།
གནག་སྣུམ་ལྕང་ལོ་ཡི་གསེབ་ན།།
འཕུར་ལྡིང་གར་རྩེད་ལ་སྤྲོ་བའི།།
ནག་ཆུང་འཇོལ་མོ་ཡི་གླུ་སྐད།།
ཀུན་གསལ་ནམ་མཁའ་ལ་འཕུར་སོང་།།
ཞིམ་མངར་མེ་ཏོག་གི་དྲི་ངད།།
ཕྱོགས་ཀྱི་རི་གྲོང་ལ་ཁྱབ་སོང་།།
རྐང་དྲུག་བུང་བ་ཡི་ཚོགས་རྣམས།།
དབྱར་གྱི་མགྲོན་པོ་རུ་ཕེབས་འདུག།
ཐོལ་བྱུང་གི་སྙན་ངག
མཚན་གུང་ལྷིང་འཇགས་ཀྱི་ཀློང་ནས།།
ནམ་མཁའི་ཟླ་བ་ལ་བལྟས་ན།།
རབ་དཀར་མཚར་སྡུག་གི་འོད་སྣང་།།
ཕྱི་ཡི་འཇའ་གུར་དུ་ཕུབ་འདུག།
ས་གཞི་འོད་སྣང་གིས་ཁེངས་ཀྱང་།།
མི་རྟག་འགྱུར་ལྡོག་གི་འོག་ན།།
མ་དག་རྐང་གཉིས་ཀྱི་ཚོགས་རྣམས།།
འབོལ་མཉེན་མལ་སྟན་ན་འཐོམ་འདུག།
རོལ་ན་སྐྱུར་ཁ་ཡི་ཞལ་ཟས།།
བསམས་ན་སྐྱོ་གདུང་གི་རང་བཞིན།།
སྔོན་སོང་འདས་དུས་ཀྱི་སྣང་བ།།
དེང་དུས་དགོད་འཛུམ་གྱི་གཞི་མ།།
རྩོམ་སྒྲིག་པ། སངས་རྒྱས་སྐྱིད།
|