རང་སེམས་ཕྲ་མོ་འདི་སྤྲང་ཀོག་གི་སློང་སྒྱེ་ལྟར་གང་དུ་བཟེད།།
རང་སེམས་ཕྲ་མོ་འདི་རྣམ་རྟོག་གི་ས་རྡུལ་ལྟར་གང་དུ་འཚུབ།།
རང་སེམས་ཕྲ་མོ་འདི་སྲིང་བལ་གྱི་འདབ་མ་ལྟར་གང་དུ་ཡོམ།།
རང་སེམས་ཕྲ་མོ་འདི་མིག་ཆུ་ཡི་རྦབ་རྡོ་ལྟར་གང་དུ་འདྲིལ།།
རང་སེམས་ཕྲ་མོ་འདི་ངང་ཐུང་གི་ཧོལ་རྒྱུགས་ལྟར་གང་དུ་ལོག།
རང་སེམས་ཕྲ་མོ་འདི་རྨོངས་པའི་འོབས་རིང་རྔམ་ལ་ཡུད་ཙམ་ཐལ།།
རང་སེམས་ཕྲ་མོ་འདི་སྒྱུ་མའི་ཤོ་རྡེའུ་འཕྲུལ་ལ་ཡུད་ཙམ་ཐལ།།
རང་སེམས་ཕྲ་མོ་འདི་སེམས་རྒྱུད་མུན་པས་བརླམས་ལ་ཡུད་ཙམ་ཐལ།།
རང་སེམས་ཕྲ་མོ་འདི་གཟུང་བྱ་འཛིན་བྱེད་མེད་པར་ཡུད་ཙམ་ཐལ།།
རང་སེམས་ཕྲ་མོ་འདི་ཡིད་འགྱུར་སྤྲིན་གྱི་འགྱུ་ལ་ཡུད་ཙམ་ཐལ།།
རང་སེམས་ཕྲ་མོ་འདི་ཡི་གེའི་ཟིལ་དངར་ཀློང་ལ་ཡུད་ཙམ་ཐལ།།
རང་སེམས་ཕྲ་མོ་འདི་ཤིན་ཏུ་གདུང་སོང་གདུང་བ་གཟེར་བྲེང་བྲེང་།།
རང་སེམས་ཕྲ་མོ་འདི་ཤིན་ཏུ་དགའ་སོང་དགའ་བ་ཡལ་ལེ་བ།། |