中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།།མཚན་མོ་ནི།
དུས་ཚོད།2023-02-08 14:21:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།(གཞན་གཅིག)ནག་བཟའ་སྐར་བརྒྱ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
མཚན་མོ་ནི་སྐར་ཚོགས་ཀྱིས་ཞབས་བྲོ་འཁྲབ་ས་ཡིན་ཏེ།
སྟག་ཤར་ཚོའི་རྡོག་ལམ་ལ། འོད་ཀྱིས་མུ་ཏིག་བསྟར་ས་ཡིན།
 
མཚན་མོ་ནི་རི་གླུའི་དབྱངས་རྟ་ལ་རམ་དཀྲོལ་བྱེད་ས་ཡིན་ལ།
ཡང་ན།  མོ་གཞོན་དག་གི་རྨི་ལམ་ལ་བརྩེ་བའི་བུ་རམ་བྱོ་ས་ཡང་ཡིན།
 
མཚན་མོ་ནི་ཁྱོད་དང་ངའི་ནང་སེམས་ཀྱི་སྤང་ཐང་ནས་བཞད་པའི།
རྒྱ་སེ་མེ་ཏོག་རྐང་གཅིག་ཡིན་ཆོག་ལ། མེ་ཏོག་དེའི་ཟིལ་ཤུགས་ལས།
ངས་སྙན་ངག་སྒྱེ་གང་བྲིས་ཆོག་ལ། ཁྱོས་སྙིང་གཏམ་རུམ་གང་བྱོ་ཆོག
 
མཚན་མོ་ནི་ཁ་སང་དེ་རིང་གི་གཉེན་ཆང་ཡིན་ཆོག་ལ།
འཐུང་གིན་འཐུང་གིན།  ཟླ་བའང་ལག་ཏུ་ལེན་ཐུབ་པའི།
ཆུ་དར་གང་ཞིག་གམ་བག་རས་གང་རུང་ཞིག་ཡིན་ཆོག
           ས་རུབ་རྗེས། 
ས་རུབ་རྗེས།
ཕྱུགས་ར་ཚ་གསུམ་པོ་ལྷས་ལ་བསྐོར་མི་དགོས་པའི་གྲོང་ཁྱེར་ནས།
ནུབ་ཇ་ཞིག་འཐུང་ན་ཡང་།  དེ་འདྲའི་ཞིམ་པོ་ཞིག་མ་རེད། 
 
ཉིན་གཅིག་གི་ཕྱུགས་རྫིའི་ཚབ་ཏུ་ཡིག་ཆ་འགའ་བསྣོག
རྟ་མཆོག་གི་ཚབ་ཏུ་རླངས་འཁོར་རེ་གཉིས་སྒོ་ཁར་བཞག་པ་ནས།
ས་རུབ་རྗེས་ཀྱི་རང་ཉིད་ལ།  གནང་བ་ཞིག་གཏོང་ཁུལ་བྱས།
 
རིལ་མ་དང་ཨོང་བ་འབུད་མི་དགོས་པའི་གློག་གི་ཐབ་ཀ
ཉི་མ་སུམ་བརྒྱ་དྲུག་ཅུའི་ལྟོ་འཕུད་ས་ཡིན།
ཆུ་ཁོལ་འཐུང་ན།  འོ་ཇ་དྲན་ངེས་ལ།
སྔོ་ཚོད་ཟོས་ན།   ལུག་ཤ་དྲན་ངེས།
 
ས་རུབ་རྗེས།  མུན་ནག་གི་གསེབ་ནས།
གྲོང་ཁྱེར་གྱི་གློག་འོད་དང་འགྱུར་ལ་ཉེ་བའི་རང་ཉིད་ཀྱིས།
བདུད་བྷེའི་རྡུང་ལེན་ལ་ཉན་ནས།
རང་སེམས་གསོ་ཐབས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།