中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།།ཏང་ གི་ འཁྲུངས་ སྐར་ ལ་ ཕུལ་ བའི་ མཇལ་ དར།
དུས་ཚོད།2023-02-08 14:28:36     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ། [གཙོས]    ཆུང་། | འབྲིང་། | ཆེ།
འགྲོ་བའི་དོན་ལ་བརྩོན་པའི་ཁུར་འཁྱེར་བའི།།
མར་ལེ་གཅིག་ཏུ་བཀུར་བའི་གཟི་བརྗིད་ཅན།།
ཕྱི་ནང་དགྲ་ཚོགས་བཅོམ་པའི་རླབས་པོ་ཆེ།།
གནམ་ས་བླ་འོག་སྒྱུར་བའི་ཏང་འདི་མཆོག།

ཆུ་ཕག་སྟོན་ཟླ་ར་བའི་ཚེས་གཅིག་ནས།།
ད་བར་ལོ་ཡི་བགྲང་བྱ་བརྒྱ་འདས་པའི།།
བརྩེ་ཆེན་མ་ཡུམ་ཏང་གི་རྒྱལ་མཚན་དེ།།
སྲིད་རྩེར་བསྒྲེངས་ཤིང་སྐྱོད་པ་རྣམ་པར་མཛེས།།

ཟླ་མེད་ཏང་གི་ཡང་དག་འགོ་ཁྲིད་འོག།
དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས་ནི།།
སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལས།།
བརྩོན་པའི་ངར་སྒྲ་གླིང་ལྔ་ཀུན་ལ་གཡོས།།

གངས་ལྗོངས་རྣམ་པ་གསར་བར་སྒྱུར་བའི་ཆེད།།
མ་ཡུམ་ཏང་གིས་ཡིད་འོང་བུ་བཞིན་དང་།།
ཡོངས་འདུའི་ཤིང་གིས་དགོས་འདོད་སྩོལ་བ་ལྟར།།
རླབས་ཆེན་ཏང་གིས་རེ་ཀུན་བསྐོངས་པར་བསྔགས།།

ཏང་གི་མི་རིགས་སྲིད་ཇུས་ཉིན་བྱེད་ཀྱིས།།
བོད་ཡུལ་མཛེས་ལྗོངས་པད་ཚལ་རབ་བསྐྱངས་ནས།།
བགྲང་ཡས་འབངས་རྣམས་ར་ཡིག་གཉིས་པ་ཡིས།།
ཚན་རིག་འཕྲུལ་གྱི་སྦྲང་རྩིའི་བཅུད་ལ་བརྩོན།།
དབུ་འདྲེན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི།།
མ་ནོར་ལམ་བཟང་བསྟན་ནས་བདེ་སྐྱིད་ཀྱི།།
མ་འོངས་རྫོགས་ལྡན་གསར་བའི་ཇུས་བཀོད་རེད།།
སུམ་རྩེན་གནས་ཀྱིས་འགྲན་ཟླ་ཡོད་རེ་སྐན།།

མཛེས་སྡུག་ཡིད་འོང་གངས་ལྗོངས་མཁའ་དབྱིངས་སུ།།
རྒྱ་ཆེའི་བོད་འབངས་རྒྱུ་སྐར་བྱེ་བའི་ཁྱུ།།
རྣམ་ཀུན་རྩེན་པའི་དབུས་ན་ཏང་དང་ཟླ།།
ཞེས་པའི་སྙན་པའི་གྲགས་པ་གླིང་བཞིར་འགེངས།།

གྲངས་མེད་རྒྱུ་སྐར་ཚོགས་ཀྱིས་ཟླ་བ་ལ།།
བསྐོར་བ་ཇི་བཞིན་རླབས་ཆེན་ཏང་རྗེས་ལ།།
འབྲངས་ཏེ་མཐུན་སྒྲིལ་རྡོ་རྗེ་ལྟ་བུ་མཁྲེགས།།
ཕྱི་གླིང་དགྲ་ཚོགས་སྙིང་རྩ་འདར་བཞིན་མཆིས།།

སྲིད་གསུམ་རིན་ཆེན་བྱེས་པའི་སྙིང་བོ་ཀུན།།
གཅིག་ཏུ་སྤུངས་འདྲའི་བོད་ཡུལ་བསིལ་མོ་ལྗོངས།།
ཨེ་མ་རང་རེའི་རླབས་ཆེན་མེས་རྒྱལ་གྱི།།
ངོ་མཚར་འདོད་དགུའི་འབྱུང་གནས་གཙོ་བོར་གྲུབ།།

མཚུངས་མེད་ཏང་གི་ཡང་དག་དབུ་ཁྲིད་འོག།
འབྱོར་འབྲིང་ལམ་དུ་འཕུར་བཞིན་རབ་སྐྱོད་དེ།།
མེས་པོའི་ཁབ་ཀྱི་སྟོབས་འབྱོར་མངའ་ཐང་དེ།།
ཡར་ངོའི་ཟླ་ལྟར་འཕེལ་བ་ཀུན་གྱིས་བསྔགས།།
ཕུན་སུམ་ཚོགས་པའི་དཔལ་ཀུན་འབྱོར་གྱུར་བའི།།
རང་རྒྱལ་མི་རིགས་ལྔ་བཅུ་ལྔ་དྲུག་རྣམས།།
མཁས་མཛངས་ཡང་དག་ཏང་གི་དབུ་ཁྲིད་འོག།
ཀུན་ཞལ་འཛུམ་པའི་བདེ་སྐྱིད་མེ་ཏོག་བཞད།།

ད་ལྟ་ཀྲུང་གོ་ཞེས་པའི་རྒྱལ་ཁབ་འདི།།
གླིང་བཞིའི་དབུས་སུ་ལྷུན་པོ་ལྟར་བརྗིད་ཅིང་།།
སྟོབས་འབྱོར་ནམ་མཁའི་ལྷ་དང་འགྲན་གྱུར་པས།།
འཛམ་གླིང་འགྲོ་ཀུན་བསྔགས་པའི་མེ་ཏོག་འཐོར།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།