中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།།གཡུ་དཀར་མོ།
དུས་ཚོད།2023-02-08 14:41:29     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།དབུ་འཇིཊ་མེད། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
སྨིན་དྲུག་ལྷ་མོ་ནམ་མཁར་ཤར།།
མཛེས་པའི་འཇའ་རིས་རི་མོ་འདྲ།།
སྟོང་ཆེན་ཡོམ་ཡོམ་འགུལ་ན་ཡང་།།
དབྱངས་ལ་སྦྱར་བའི་སྨིན་དྲུག་མ།།
གཡོ་འགུལ་གང་ཡང་མ་མཆིས་སོ།།

སྨིན་དྲུག་ཞི་བའི་དབྱངས་ལ་སྦྱར།།
མགུར་མའི་ཁྱེད་ཉིད་དྲན་པར་བྱ།།
འཁོར་འདས་གཉིས་ཀྱི་བར་སྣང་ལ།།
ཞེ་བློ་འཁྲེང་བའི་སྤྲིན་དཀར་མ།།
སྲིད་པའི་མེ་ལོང་ནང་ན་མཛེས།།

ཚིག་ལ་བཏགས་པའི་དུང་བ་ཤིག།
འགྱུར་མེད་གཡུང་དྲུང་རི་མོ་བཞིན།།
སེམས་ལ་བབས་པའི་སྨིན་དྲུག་མ།།
ཞལ་དཀར་ཟླ་བའི་རང་བཞིན་ཞིག།
ཞེ་ལ་ཡང་ཡང་འཁོར་བར་སྲིད།།
འཁོར་བ་སྒྱུ་འཕྲུལ་དྲ་བའི་ནང་།།
སེམས་ཉིད་ངང་གིས་མ་སྡོད་པར།།
བར་སྣང་སྤྲིན་དཀར་རྗེས་སུ་སྙེག།
སྨིན་དྲུག་ལྷ་མོ་ཞི་བར་བཞུགས།།
མཐོང་སྣང་ཡིད་ཀྱིས་སྨོན་པ་ཤོར།།

སེམས་ཉིད་ཏིང་འཛིན་ངང་ལ་བཞག།
སྟོང་ཉིད་དབྱིངས་སུ་མི་གཡོ་བ།།
སྨིན་དྲུག་ལྷ་མོ་རང་གཟུགས་རེད།།
མ་བཅོས་སེམས་ཀྱི་གཤིས་ངོ་ལ།།
ཁྱེད་ཞལ་མ་གཏོགས་མཇལ་རྒྱུ་མེད།།

དུངས་བའི་ཚིག་གི་འདབ་མ་ལ།།
སེམས་ལ་བབས་པའི་གསང་ཚིག་བྲིས།།
སྙིང་གཏམ་རྒྱ་མཚོ་ཕ་རོལ་བརྒལ།།
མགུར་མའི་སྙན་ཚིག་གཙང་ཆུ་འདི།།
རྒྱུན་ཆད་མེད་པར་རབ་ཏུ་བརྒལ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།