中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།།བརྩེ་བ་ཁབ་སྐུད་རྒྱུན་མ།
དུས་ཚོད།2023-02-08 14:42:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།ཁ་བ་ན་རོ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
ཞོགས་པའི་སྐྱ་རེངས་ཀྱི་རླབས་རིས་བར་ནས༎
ན་ཚོད་རིམ་འགྱུར་གྱི་འགྲོས་དང་བསྟུན་ནས༎
ཐོབ་ཤོར་ཟུང་མང་གི་མི་ཚེ་འདི་ལ༎
ཕྱི་མིག་སྟོང་ཕྲག་གི་ལམ་དུ་འཁོར་བའི༎
དྲན་པ་ཁྲི་འབུམ་གྱི་གསེང་ན་སྦས་པའི༎
མཛེས་སྡུག་ཡིད་འོང་གི་གཏམ་རྒྱུད་ཡག་པོར༎
ཚིག་གི་ཁབ་སྐུད་ཅིག་རྒྱུན་ན་འདོད་བྱུང་༎

ལོ་ཟླ་ཆུ་མོ་བཞིན་བཞུར་བའི་ཤུལ་ནས༎
དྲན་པ་ཆབ་རོམ་ལྟར་འཁྱག་པའི་ཤུལ་ནས༎
འདས་པའི་ལོ་ཟླ་ལ་བློ་སེམས་འཁྲེང་ན༎
བེའུ་བརྒྱ་སྤང་ཐང་ནས་འཚོ་བའི་དུས་སུ༎
སྟོང་ལུག་རི་སྒང་ནས་འདེད་པའི་སྐབས་སུ༎
སེམས་པ་གཅིག་མཐུན་གྱི་སྨིན་ལགས་འུ་གཉིས༎
ན་མཉམ་ལོ་ཉུང་ཚོ་འཁྲེང་བའི་ཡུལ་ཡིན༎
སེམས་པའི་ཁ་ཐག་དེ་ཉེ་རབས་བཤད་ན༎
མི་ཡུལ་ཁྲ་ཁྲ་དེའི་བཞི་མདོ་བར་ནས།།
དགའ་རབས་དྲན་རབས་ཀྱི་ཐ་སྙད་དགུ་མཁར༎
བརྩེ་ཚུལ་དུངས་ཚུལ་གྱི་འཕྲིན་ཡིག་ཆིག་བརྒྱ༎
ཁྱོད་ཀྱི་སྐེ་ཁུག་གི་བྱུར་དམར་ལྟར་དུ༎
དུས་རབས་རིམ་འགྱུར་གྱི་འགྱུར་ལྡོག་བྱུང་ཡང་༎
གདོད་མའི་གནའ་རྫས་ལྟར་སེམས་པ་འཁྲེང་ངོ་༎
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།