中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།།ང་ཡི་ཨ་ཅེ་ལྷ་མོ།
དུས་ཚོད།2023-02-08 14:46:23     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།ཀླུ་རྒྱལ་དོན་གྲུབ་ཀྱིས་བརྩམས། སྒྲ་དབྱངས་རྒྱ་མཚོས་བསྒྱུར།    ཆུང་། | འབྲིང་། | ཆེ།
དཔྱིད་ཀྱི་བདག་མོ་དལ་གྱི་ལྡང་བའི་དུས།
ཁྱོད་རང་ངོ་མཚར་ཆེ་བའི་བསང་ཆུར་སྤྲུལ།
བརྗིད་ཆགས་རྫ་རིའི་ཁྲོད་ནས་རྔམ་གྱིས་ཐོན།
རྣ་ལ་འཇེབས་པའི་གླུ་སྐད་རེ་རེ་ཡིས།
དགུན་ལ་ཉལ་བའི་ལྗང་མྱུག་གཉིད་ལས་བསླངས།
བསང་ཁོག་གཞུང་དུ་ཁྱོད་ཀྱི་སྙན་དབྱངས་འཁོར།
ཀྱེ་ཀྱེ། ང་ཡི་ཨ་ཅེ་ལྷ་མོ།
རྒྱང་དུ་གནས་པའི་གནམ་མཚོ་ཕྱུག་མོ་རུ།
ཁྱོད་རང་དངོས་སུ་སོང་བ་ཨེ་བདེན་ནམ།

རབ་དཀར་སྤྲིན་གསར་དལ་གྱིས་རྒྱུ་བའི་དུས།
ཁྱོད་རང་བརྗིད་ཆགས་གཉན་ཆེན་རི་བོར་སྤྲུལ། 
ནམ་མཁའི་དབྱིངས་ནས་ས་གཞིའི་ཁྱོན་དུ་ཐོན།
མི་སེམས་འགུལ་བའི་ལྷ་སྒྲུང་རེ་རེ་ཡིས།
དཔྱིད་ཁའི་ཁྲོད་ཀྱི་ལུག་ཁྱུ་སད་དུ་བཅུག
རྩྭ་ཐང་ཡངས་པོར་ཁྱོད་ཀྱི་གཏམ་གྱིས་ཁེངས།
ཀྱེ་ཀྱེ། ང་ཡི་ཨ་ཅེ་ལྷ་མོ། 
ངོ་མཚར་ཆེ་བའི་ཞིང་ཁམས་ཤམ་བྷ་ལར། 
ཁྱོད་རང་དངོས་སུ་སོང་བ་ཨེ་བདེན་ནམ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།