中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། སྙན་ངག་ལྟ་བུའི་ཁོ་མོ།
དུས་ཚོད།2016-12-07 15:16:28     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཁྲ་གླག་སྲས། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
   ང་རང་ཁོ་མོའི་ཡིད་ཀྱི་འཇིག་རྟེན་དུ་ཡོང་བ་ནས་བཟུང་། དྲོད་སྣང་གི་ཉི་འོད་ལྟ་བུ་ཞིག་ངའི་ལུས་སུ་འཕྲོས་ཡོད་ལ། སྙན་ངག་འདྲ་བའི་དུངས་སེམས་ཀྱི་ཆུ་ཐིགས་ཤིག་ངའི་ལུས་ལ་འཐིམས་ནས་འདུག  ཁོ་མོ་ནི་ངའི་ཀྱག་ཀྱོག་གི་བགྲོད་ལམ་སྟེང་ཆེས་ཡིད་དུ་འོང་བའི་མཛེས་སྡུག་གི་མེ་ཏོག་ཅིག  དེས་ང་ལ་མཚར་སྡུག་དང་བཀྲག་མདངས་བསྣན་བྱུང་།  ཁོ་མོ་ནི་ངའི་དགའ་སྐྱོ་འདྲེས་མའི་འཚོ་བའི་རྒྱབ་ལྗོངས་སུ་སྒྲ་དབྱངས་གསར་བ་ཞིག་གི་འགྱུར་ཁུགས་ལྟར།  ང་ལ་སྤྲོ་སྣང་དང་དགའ་བདེ་ཁྱེར་འོང་།  ཁོ་མོ་ནི་ངའི་རེ་སྨོན་གྱིས་ཁེངས་པའི་ཞོགས་དུས་སུ་འཛུམ་པའི་མཚར་སྡུག་གི་ཉི་གཞོན་དེ།  བདག་ལ་སྤོབས་པ་དང་འོད་སྣང་བསྩལ།
   སྙན་ངག་ལྟ་བུའི་ཁོ་མོ། དངོས་གནས་སྙན་ངག་ཅིག་དང་འདྲ། བཀླགས་ན་སུན་རྒྱུ་མེད་ལ།  བྲིས་ན་ཚར་རྒྱུ་མེད་པའི་མུ་འབྲེལ་གྱི་སྙན་ངག་རིང་མོ་ཞིག  ནམ་ཡང་བཀླག་མི་ཚར་ལ།  བྲིས་ནའང་རྫོགས་རྒྱུ་མེད་པའི་དུངས་བརྗོད་ཀྱི་སྙན་ངག་ཅིག  འདི་ནི་ང་སྙན་ངག་ལྟ་བུའི་ཁོ་མོར་དགའ་བའི་དུངས་སེམས་ཡིན།  འདི་ནི་མོས་ང་ལ་བྱིན་པའི་སྤྲོ་སྣང་དང་མི་ཡུལ་གྱི་རྒྱན་ཆ་རེད།
   སྙན་ངག་ལྟ་བུའི་ཁོ་མོ། ངའི་འཚོ་བའི་ལྟག་རྒྱབ་ན་ལམ་ལམ་དུ་འབར་བའི་ཚེ་སྲོག་གི་མེ་ལྕེ་དེ། སྙན་ངག་ལྟ་བུའི་ཁོ་མོ། ངའི་ལང་ཚོའི་ཁ་དོག་ལ་འཐིམས་པའི་ཚེ་སྲོག་གི་རིན་ཐང་རེད།  སྙན་ངག་ལྟ་བུའི་ཁོ་མོ།  མི་ཡུལ་གྱི་ལྷ་མོ་དང་། མཛེས་སྡུག་གི་རྒྱན་ཆ་ཡིན་ལ།  ངའི་མདུན་ལྗོངས་ན་འཕྲོས་པའི་འོད་སྣང་གི་བདག་མོའང་ཡིན།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།