中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ང་དང་ཚགས་པར་བར་གྱི་གཏམ་ རྒྱུད།
དུས་ཚོད།2019-03-06 09:03:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    དལ་འབྱོར་མི་ལུས་མྱུ་གུ་ཇི་བཞིན་སྲིད་པའི་ཁམས་འདིར་འབུས་ཉིན་ནས།།
འབའ་འབའ་ལུ་གུ་གྲོགས་སུ་བསྡོངས་ཏེ་བེའུ་ཆུང་སྟངས་སྟབས་འགྲོས་ལ་ཅེར།། དགའ་བ་རབ་བརྟས་དྲི་མེད་བྱིས་བློས་ཆར་རྗེས་འཇའ་གཟུགས་སྙེག་བཞིན་དུ།། ཨ་ཕས་སློབ་གྲྭར་འཇུག་ལ་རྩོམ་སྐབས་ཡིད་སེམས་མ་འཐད་མགོ་བོ་གཡུགས།། སློབ་ལོ་རན་པའི་བུ་ཆུང་སློབ་སློབ་གྲྭར་གཏོང་ལ་སྐུལ་བའི་ཏང་གི་བཀའ།། བསྒྲགས་པའི་དུས་ནས་ལེབ་ལེབ་དཔེ་ཁུག་ཕྲག་ཏུ་ཁུར་ཏེ་གྲོགས་དང་ལྷན།།  ཀ་ཁ་ཀློག་པའི་དབྱངས་རྟ་སྙན་མོ་གངས་རིའི་བྲག་ཅར་སྐྱིལ་བཞིན་དུ།།  དུས་ཀྱི་ཅང་ཤེས་སྐྱེན་པོའི་འགྲོས་ཀྱིས་སློབ་ཆུང་དུས་རིམ་རྒྱབ་ཏུ་བསྐྱུར།།  གངས་ཅན་ཡུལ་དུ་མཛེས་པར་བལྟམས་པའི་ན་ཆུང་ཚགས་པར་དལ་གྱིས་བཀླགས།། དེ་ལས་འཕྲོས་པའི་ཁ་མཚར་དག་གིས་དགའ་སྤྲོའི་ཁོང་འཛུམ་སློང་བཞིན་དུ།།  ན་ཆུང་ཚགས་པར་ཉིད་དང་བདག་སེམས་གྲོགས་ཀྱི་དྭངས་མར་གྱུར་པའི་ཚེ།།  ཚགས་པར་སྒེག་མོར་ཐོག་མར་འབྲེལ་བའི་དར་གོས་ཡིད་ཀྱི་མཁའ་རུ་གཡོ།།  དྲང་བདེན་བསླབ་བྱའི་གླུ་གཞས་གྱེར་ཏེ་ཡངས་པའི་རྒྱལ་ཁམས་འགྲིམ་པའི་ཚེ།།  བདག་གི་ལག་སོར་ཁྱེད་རང་འཐོབ་འདོད་སྐོམ་པས་ཆུ་ལ་རེ་བ་བཞིན།།  རྒན་གྱིས་ཟོལ་མེད་འཛུམ་དང་བཅས་ཏེ་ན་ཆུང་ཚགས་པར་མཛའ་ན་མོ།།  རབ་མཛེས་བརྡ་སྤྲོད་གསེར་ཆུས་བྱུགས་པའི་ལེགས་བཤད་གཟི་འོད་ཁྱེད་ལས་འཚེར།།  དྲུག་འགྱུར་གླུ་ཡི་གསོས་སུ་སྨིན་པའི་སྙན་ཚིག་པི་ཝང་ཁྱེད་ཀྱིས་དཀྲོལ།།  སྲིད་པའི་རྨོངས་པ་ལྷག་མེད་གཞོམ་པའི་ལོ་རྒྱུས་གད་རྒྱངས་ཁྱེད་ཀྱིས་སྒྲོག  ཟླ་ཤེལ་ལང་ཚོ་ཡོངས་སུ་རྫོགས་པའི་ས་རྒྱུས་བསུང་ཞིམ་ཁྱེད་ལ་འཐུལ།།  ཁྱེད་ཀྱིས་བཤད་པའི་གཏམ་རྒྱུད་དྲོན་མོར་ན་མཉམ་གདུལ་བྱ་ངང་གིས་འདུ།།  རང་སེམས་སོམ་ཉིའི་དྲ་རྒྱར་ཚུད་པ་ཤེས་བྱའི་གནད་ཀྱིས་གྲོལ་མཛད་ཅིང་།།  སྣ་མང་ཤེས་རིག་མཛེས་སྡུག་ལྟད་མོས་ཁོ་བོའི་མིག་རྒྱ་རྒྱང་དུ་བསྐྱེད།  ཁྱེད་ཀྱིས་ཁུར་བའི་ཡོན་ཏན་བདུད་རྩི་བཏུང་ལ་སྤྲོ་བ་རབ་ཏུ་འཕེལ།།  ཁྱེད་ནི་སྐལ་ལྡན་གྲངས་མེད་སྐྱོང་བའི་འཇིག་རྟེན་འདི་ཡི་མ་མ་ཉིད།།  བདག་གི་སེམས་སུ་ནམ་ཡང་བཞད་པའི་རབ་མཛེས་མེ་ཏོག་གངས་ལྷ་ལགས།།  བདག་གིས་སྨོན་པའི་སྙན་ཚིག་གྱེར་ཏེ་མཆོད་བསྟོད་ཁ་བཏགས་ཁྱེད་ལ་འབུལ།།
(མཚོ་སྔོན་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་ཟླ་བ་ཚེ་རིང་།) 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།