中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། རྟ་ཐོག་གི་དྲིལ་བུའི་སྒྲ།
དུས་ཚོད།2019-03-15 16:36:44     རྩོམ་གྱི་ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ་ལས།    ཆུང་། | འབྲིང་། | ཆེ།
    ང་ཚོའི་བག་ཆགས་ནང་ནུབ་རྒྱུད་ཀྱི་ས་གཞི་ཆེན་པོའི་ཐོག་སྐྱོད་སྐབས“མུ་མཐའ་མེད་པའི་བྱེ་ཐང་དང་འབྲི་ཆུའི་བཞུར་རྒྱུན་དང་བསྟུན་ནས་ཉི་མ་ནུབ་པའི”རྣམ་པ་མཐོང་རྒྱུ་ཡོད་ལ་གྲལ་བསྒྲིགས་ནས་སྐྱོད་པའི་རྔ་མོང་རུ་ཁག་གམ་ཡང་ན་རྟ་རིགས་ཀྱང་མཐོང་རྒྱུ་ཡོད། རྔ་མོང་རུ་ཁག་གམ་ཡང་ན་རྟ་རིགས་བྱེ་ཐང་ཐོག་སྐྱོད་སྐབས་ལམ་རིང་བོ་ཞིག་ཆགས་སྐབས་ང་ཚོའི་རྣ་བར་དྲིལ་བུའི་སྒྲ་ལྷང་ལྷང་དུ་ཐོས་པ་ལྟར་སྣང་།
    མཚོ་བོད་ས་མཐོའི་ཤེས་དཔལ་ལོ་རྒྱུས་ཐོག་ཕྱུགས་འཚོ་བ་ནི་ལོ་རྒྱུས་འཕེལ་རྒྱས་དང་བསྟུན་པའི་འཚོ་བའི་བརྗོད་བྱ་གཙོ་བོ་ཡིན་པ་དང་། རྟའི་དྲིལ་བུ་ཡང་རྟའི་རིག་གནས་ཁྲོད་ཀྱི་གལ་ཤིན་ཏུ་ཆེ་བའི་ཆ་ཤས་ཤིག་རེད།
    རྟའི་དྲིལ་བུ་ཞེས་པ་ནི་རྟའི་སྐེ་ལ་འདོགས་བྱེད་ཀྱི་དྲིལ་བུར་བརྗོད། ས་གནས་ཁག་ཅིག་ཏུ་མི་རྣམས་ཀྱིས་དམིགས་ཡུལ་སྣ་ཚོགས་ཀྱིས་རྐྱེན་པས་རྔ་མོང་ལ་དྲིལ་བུ་འདོགས་སྟངས་དང་ནུས་པར་གཞིགས་ནས་རྟ་ལ་ཡང་དྲིལ་བུ་འདོགས་ཀྱི་ཡོད། ཤོད་ཚུལ་ལ་དེའི་ནུས་པ་གཙོ་བོ་ནི་རྟ་བོར་སྐབས་དྲིལ་སྒྲ་ཉན་ནས་རྟ་འཚོལ་ཐུབ་པ་དེ་རེད། དེར་བརྟེན་རྟ་རེ་རེའི་དྲིལ་བུར་སོ་སོའི་སྒྲ་མི་འདྲ་བ་དང་ཁྱད་ཆོས་ལྡན་པར་བརྟེན་བདག་པོས་དྲིལ་བུའི་སྒྲ་ངོ་ཟིན་ནས་རྟ་འཚོལ་ཐུབ་ཀྱི་ཡོད།
    རྟའི་དྲིལ་བུ་ལྷང་ལྷང་དུ་སྒྲོག་པ་དེས་མིའི་རིགས་ཀྱི་འཚོ་བ་དང་རེ་བ་མཚོན་པ་དང་། ལོ་རྒྱུས་ཐོག་དལ་གྱིས་མདུན་དུ་སྐྱོད་ཀྱི་ཡོད། དེང་རབས་ཀྱི་ཤེས་དཔལ་དར་རྒྱས་ཧ་ཅང་ཆེ་བའི་དེང་གི་དུས་སུའང་མཚོ་བོད་ས་མཐོའི་ཐོག་དྲིལ་བུའི་སྒྲ་སྔར་བཞིན་ཐོས་རྒྱུ་ཡོད་པ་དང་། རྟ་ལ་ཁལ་སྣ་ཚོགས་འགེལ་བ་དེས་ས་གནས་དེ་གའི་བོད་རིགས་སྤུན་ཟླའི་འཚོ་བ་སྐྱོང་གི་ཡོད།
    རྟའི་དྲིལ་བུའི་སྒྲ་ཐོས་པའི་ས་ཆར་འཚོ་བའི་རྗེས་ཤུལ་གྱི་རྒྱུན་ཆད་ཀྱི་མེད། རྟའི་དྲིལ་བུ་དེ་མི་དང་རྟའི་བར་གྱི་འབྲེལ་བ་རྒྱུན་མཐུད་བྱེད་པའི་སྐབས་སུ་ཐག་རིང་གི་ནུབ་ཕྱོགས་རྒྱལ་ཁབ་ཏུ་སྒྱུ་རྩལ་མཁས་ཅན་ཚོས་དེ་ཉིད་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་སྤྱོད་ཀྱི་ཡོད།
    མོ་ཀྲ་ཐེས་རྟའི་དྲིལ་བུ་དེ་ཉིད་ཁོང་གི་འབུད་གཏོང་རོལ་ཆའི་ཁྲོད་དུ་བེད་སྤྱད་པ་དང་ཁོང་གི་ཚེ་མཇུག་གིའཇར་མན་གྱི་ཞབས་བྲོའི་རོལ་དབྱངསམང་བོའི་ནང་ཁོང་གིས་སྒྲ་གདངས་མཐོ་བའི་རྟའི་དྲིལ་བུ་མང་བོ་བེད་སྤྱད་དེ་རོལ་དབྱངས་མཉམ་དཀྲོལ་བྱེད་ཀྱི་ཡོད། གཞན་ཡང་མ་ལེའིམཉམ་སྒྲོག་རོལ་དབྱངས་ཨང་བཞི་བའིཐོག་མའི་རོལ་དབྱངས་ལེ་ཚན་དེ་རྟའི་དྲིལ་བུ་རྐྱང་དཀྲོལ་བྱེད་པ་ནས་འགོ་བཙུགས་ཏེ་རོལ་དབྱངས་ལེ་ཚན་དེ་བས་གསོན་ཉམས་ལྡན་པ་ཡོང་བ་བྱས་ཡོད། རྗེས་སུ་རྟའི་དྲིལ་བུས་དམངས་ཁྲོད་ཞབས་བྲོར་རམ་འདེགས་བྱེད་པ་དང་། དེའི་རྗེས་འཇིག་རྟེན་པའི་ལུགས་ཀྱི་རོལ་དབྱངས་དང་། མཉམ་དཀྲོལ་རོལ་དབྱངས། དེ་བཞིན་འབུད་གཏོང་རོལ་དབྱངས་བཅས་ཀྱི་ནང་སྤྱོད་ཀྱི་ཡོད། དུས་ཚོད་མགྱོགས་པོ་འགྲོ་བ་དང་བསྟུན་ནས་རྟའི་དྲིལ་བུ་དེ་སྟབས་བདེ་ལ་དུས་ཡུན་རིང་བའི་རྡུང་དཀྲོལ་རོལ་མོ་ཞིག་ཏུ་གྱུར་ཡོད།
    དྲིལ་བུའི་སྒྲ་ཐོས་སྐབས་བཤུལ་ལམ་རིང་མོ་ཞིག་འཚོ་བའི་འགྲོ་ལམ་ཐོག་བཞུར་བའི་སྔོན་བརྡ་གཏོང་གི་ཡོད། མིའི་རིགས་ཀྱིས་རྟ་དང་འགྲོགས་ནས་འཚོ་བའི་ཆར་རླུང་དང་འཇའ་ཚོན་ཁྲོད་བསྐྱོད་ཅིང་། རྟས་མིའི་རིགས་ཀྱི་རྗེས་སུ་འབྲངས་ཏེ་མི་ཚེའི་དྲིལ་སྒྲ་སྒྲོག་པར་བྱེད། དེ་རིང་ང་ཚོས་གྲགས་པས་ཉར་ཚགས་བྱས་པའི་དྲིལ་བུ་ཆ་ཤས་ལ་ལྟ་ཙམ་བྱས་ན་ཤེས་རྟོགས་ཀྱི་ནུས་པ་དེ་བས་ཆེ་རུ་འགྲོ་ཐུབ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།