中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ཕུགས་བསམ།
དུས་ཚོད།2019-07-19 15:23:23     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་པ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ནི།  དཔལ་ལྡན་རྒྱུད་བཞིའི་རྩོམ་པ་པོ་དང་བོད་ཀྱི་གསོ་བ་རིག་པའི་མཁན་པོ་ཡིན།  ཁོང་གི་སྨན་དཔྱད་ལག་ལེན་དང་ནད་བཅོས་སྲོག་སྐྱོབ་ཀྱི་དགེ་ལས་ལ་འདང་རེ་བརྒྱབ་ན།  ངོ་མ་བསམ་ཡུལ་ལ་མི་ཤོང་བ་ཞིག་རེད།
    ངའི་ཨ་ཕ་དང་ཨ་མ་གཉིས་ཀྱིས་ཀྱང་ཆུང་དུས་ནས་བོད་སྨན་གསོ་རིག་སློབ་སྦྱོང་ལ་འབད་པ་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱས་མྱོང་བའི་སྨན་པ་ཞིག་ཡིན། ང་ཡང་ཕ་མ་གཉིས་ཀྱིས་སྨན་བཅོས་བྱེད་སྐབས་དང་། སྨན་རྩྭ་བརྐོ་བ།  སྨན་སྣ་སྡེབ་པ་སོགས་ཀྱི་ལས་ཀར་འགྲོགས་ནས་འཚར་ལོངས་བྱུང་བའི་བྱིས་པ་ཞིག་ཡིན་པས།  ཁོར་ཡུག་དེའི་དབང་གིས་ད་ལྟ་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་ཞིག་ཡིན་ནའང་མ་འོངས་པར་སྨན་པ་བྱེད་རྒྱུའི་ཕུགས་བསམ་དེ་ནམ་ཡང་འགྱུར་མ་མྱོང་།  དེ་བས་ང་རང་སྨན་པ་བྱེད་རྩིས་ཡོད་ཅེས་བཤད་ན་འདོད།     ལྷག་པར་དུ་གཟའ་འཁོར་འདིའི་གཟའ་ཉི་མའི་དགོང་མོ་དེར་ཨ་ཕ་ཡུལ་ལ་མ་ཡོང་།  ཨ་མས་བཤད་པ་ལྟར་ན་ནད་པ་ལྕི་མོ་ཞིག་ཡོད་པས་ཨ་ཕ་ཡུལ་ལ་ཡོང་མ་ཐུབ་པ་རེད་ཅེས་ཟེར།  དེའི་མི་ཚད་ཨ་མས་ཟ་མ་ཞིམ་པོ་ཞིག་གཡོ་སྐོལ་བྱས་ཏེ་ང་ལ་སྨན་ཁང་དུ་བསྐྱལ་དུ་བཅུག  སྟབས་ལེགས་པར་ཨ་ཕའི་ལས་གཞི་ཡིས་རང་ཉིད་ཀྱི་ཕུགས་བསམ་ལ་ཡང་བསྐྱར་ཞིབ་བཤེར་ཅིག་བྱེད་འགོ་བརྩམས།  ནད་པ་དང་ནད་གཡོག་གིས་རེ་བ་ཡོད་ཚད་ཨ་ཕ་ལ་བཅོལ་བ་དང་།  ཨ་ཕ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ངང་ནས་ནད་ཀྱི་གདོན་ཁ་ནས་སྐྱོབ་འདོད་ཀྱི་འདུན་པ་རྟ་རྒོད་བཞིན་རང་ཉིད་ཀྱི་ཡོད་ཚད་ཏེ་ནད་པ་བསྐྱབས།  སྣང་བརྙན་འདི་དག་གིས་ང་ལ་ཕན་བདེ་ཞིག་ངང་ངམ་ཤུགས་ཀྱིས་བསྐྲུན་ཞིང་བདེ་སྐྱིད་ནི་ཅི་ཞིག་རེད་ཅེས་པའི་བྱིས་སྒྲུང་དེ་ཝ་ལེར་ཡིད་ལ་ཤར་བྱུང་། རང་གི་འོས་འགན་ཡོངས་སུ་འགྲུབ་ཅིང་གཞན་ལ་ཕན་ཐོགས་པའི་བྱ་བ་ཞིག་སྒྲུབ་ཐུབ་ན་དེ་ནི་བདེ་སྐྱིད་ངོ་མ་ཞིག་ཡིན་པའི་ཚོར་བ་ཞིག་ཀྱང་ཐོན།  ངོ་མ་སྐྱིད་པོ་རེད།
    ལོ་རྒྱུས་ཀྱིས་ང་ལ་བདེན་དོན་ཞིག་དང་གནས་ལུགས་ཤིག་གི་གསལ་ཁ་གསོས། མེས་པོ་ཚོས་ང་ལ་རིག་གནས་ཤིག་དང་ལས་གཞི་ཞིག་གི་ཕུགས་བསམ་བསྐྲུན། ཨ་ཕ་དང་ཨ་མས་ཀྱང་ང་ལ་མི་ལུས་ཀྱི་རིན་ཐང་སྦྱིན་ཞིང་བདེ་སྐྱིད་ཀྱི་འཚོ་བ་གནང་།  དགེ་རྒན་གྱིས་ང་ལ་ཤེས་རིག་གི་གཏེར་སྒོ་ཕྱེ་ཞིང་བླང་དོར་གྱི་མདུད་པ་གྲོལ།  བཀའ་དྲིན་ཆེ།  ངས་ཁྱེད་ཅག་གི་མདུན་ནས་ཕུགས་བསམ་གྱི་ཆེད་དུ་ཡོད་ཚད་ལ་མགོ་མི་སྒུར་ཁོ་ཐག་ཡིན།།
       (ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཕུར་བ་འཚོ།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།