༄༅།། རྨི་ལམ། - ལྷུག་རྩོམ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། རྨི་ལམ།
དུས་ཚོད།2019-07-22 10:48:06     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཀླུ་ཤོད་སྙིང་དཀར། [བསང་ཆུ]    ཆུང་། | འབྲིང་། | ཆེ།
   རི་མཐོན་པོའི་རྩེ་ནས་ལྡིང་སྟེ་འཇིགས་སྐྲག་གིས་གཉིད་ལས་སློང་བ་དང་འདབ་ཆགས་བཞིན་བར་སྣང་དུ་གཡེང་བས་འཕུར་བ་སོགས་ནི་ངའི་བྱིས་པའི་དུས་ཀྱི་རྨི་ལམ་ཡིན་ལ། མཚན་མོས་ང་ལ་གནང་བའི་ཡག་བཙོག་གཉིས་ལྡན་གྱི་ལེགས་སྐྱེས་ཤིག་ཀྱང་ཡིན། མདོར་ན་ང་ནི་རྨི་ལམ་དང་འཁྲུལ་སྣང་གི་རོལ་རྩེད་ལ་འགྲོགས་ནས་ལོ་ན་སུམ་ཅུར་འབུད་ལ་ཉེ་ཡང་། ད་དུང་ཡང་ནར་སོན་མེད་པའི་བྱིས་པ་ཞིག་ཏུ་གྱུར། ང་ནར་མ་སོན་པ་ནི་ང་ལ་རྨི་ལམ་མང་བས་ཡིན་ནམ་ཡང་ན་ངའི་ནང་སེམས་ཀྱི་འཇིག་རྟེན་ནི་རྨི་ལམ་རྐྱང་རྐྱང་གིས་གྲུབ་པའི་མུན་ནག་གི་མཚན་གཞུང་རིང་མོ་ཞིག་ཡིན་པས་ཡིན།
    ངས་རྨི་ལམ་ལ་དཔྱད་པ་བཏང་མ་མྱོང་མོད། ཡིན་ནའང་རྨོངས་དད་ཅི་ཡིན་ཆ་མི་འཚལ་བའི་ངང་ང་ནི་རྨི་ལམ་ལ་ཡིད་ཆེས་མཁན་ཞིག་ཡིན། འདི་ནི་ངའི་ཕ་མ་གཉིས་ཀྱིས་ང་ལ་བཞག་པའི་བགས་ཆགས་རིགས་ཤིག་ཡིན་ལ། རྨི་ལམ་དུ་བྱུང་བའི་དོན་དག་རེ་གཉིས་ཤིག་ཕྱི་ཉིན་དངོས་ཡོད་འཚོ་བའི་ཁྲོད་མངོན་སུམ་དུ་གྱུར་མྱོང་བས། རིམ་བཞིན་རྨི་ལམ་ཐམས་ཅད་རྫུན་མ་ཡིན་ཞེས་པའི་སྐད་ཆ་དེ་ཡང་ངག་ནས་འཁྲོལ་མི་ཐུབ་པར་གྱུར་ལ། ཅུང་མཚར་སྣང་ལྡན་པའི་རྨི་ལམ་རེ་རྨིས་ཚེ་རང་གི་དད་པའི་དཀྱིལ་ན་བཞུགས་པའི་བླ་མ་སྤྲུལ་སྐུ་སོགས་ལ་མོ་ལུང་ཞུ་བཞིན་ཡོད་པས། ཚུལ་དེ་ལ་དམིགས་ནས་དཔེ་དེབ་ཅུང་ཟད་བཀླགས་མྱོང་བའི་ངའི་གྲོགས་པོ་སྐོར་ཞིག་གིས་ང་ལ་དམངས་ཁྲོད་རྒད་པོ་ཞེས་པའི་ཟུར་ཟའང་མ་ཡིན་ལ་བསྟོད་པ་ནི་དེ་བས་མ་ཡིན་པའི་མིང་གི་རྣམ་གྲངས་ཤིག་སྦྱར་ཡོད།
    རྨི་ལམ་གྱི་ཁྲོད་ནས་དོན་དངོས་མྱངས་ཤིང་དོན་དངོས་མང་བོ་ཞིག་རྨི་ལམ་གྱི་ཆུ་བོས་བསྣུབས་པ་ནི། མདོར་ན་ངས་ད་ལྟ་རོལ་བཞིན་པའི་་འཚོ་བ་ཡིན་ལ། གལ་ཏེ་སང་ཉིན་འཆི་བར་གྱུར་ཚེ་ལག་སྟོང་ངང་ཟད་པའི་ངའི་མི་ཚེའི་ཕྱོགས་སྡོམ་ཐུང་ཐུང་ཞིག་ཡིན་པར་ངེས།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།