མགར་ཐང་དཀར།

མགར་ཐང་དཀར་རམ་གཅོད་པ་ཐར་ནི་དགུ་བཅུའི་སྨད་དུ་མཚོ་ལྷོ་འབའ་རྫོང་ནས་སྐྱེས།ཁོ་རང་ཆུང་དུས་ནས་བོད་སྐད་ཡིག་གཙོས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རྩོམ་རིག་ལ་མོས་པ་ཆེ་རྐྱེན།ཁོས་དྲ་རྒྱའི་དུས་རབས་འདིར་དྲ་ལམ་སྙན་དེབ་༼སེམས་ཀྱི་ན་ཟུག༽དང་༼ལམ་འགྲོ་བ༽ཀློག་པ་པོ་གང་མང་ལ་སྐྱེས་སུ་ཕུལ་ཐོགསྔ་ཕྱིར༼མཚོ་སྔོན་བོད་ཡིག་གསར་འགྱུར༽༼ལྗོན་དབང༽ལོ་དེབ།༼མཚོ་ལྷོ་བོད་ཡིག་ཚགས་པར༽༼རྔ་བའི་གསར་འགྱུར༽༼ཁམས་པའི་ཚགས་པར༽༼ཀྲུང་གོ་བོད་ཀྱི་དྲ་བ༽༼ཁྲི་ཤོར་རྒྱལ་མོའི་རླབས་སྒྲ༽༼ཞག་སྒྲོན༽ལོ་དེབ།༼བཙན་པོ་མགར་གྱི་དྲ་བ༽སོགས་དྲ་རྒྱ་དང་ཚགས་དེབ་གང་མང་ཞིག་གི་སྟེང་བརྩམས་ཆོས་མང་ཙམ་སྤེལ།
༡
“འཁོར་བའི་རྟོད་ཐག”་ཅེས་པ་ལས་ངས་འཁོར་བ་གླེང་རྒྱུ་ཡིན། སྤྱིར་འཁོར་བ་ཞེས་པ་ནི་བལྟས་ན་རིག་རྒྱུ་མེད་ཅིང་བཟུང་ན་ཟིན་དུ་མེད་པའི་ཆེས་ལྐོག་གྱུར་གྱི་མིང་ཚིག་ཅིག་རེད། ཡིན་ཡང་འཁོར་བ་ནི་འཇིག་རྟེན་གྱི་མྱོང་བྱ་གལ་ཆེན་ཞིག་ཡིན་ཞིང་། དེ་ལ་བསམ་བློའི་ཁ་ཕྱོགས་ཚད་ལྡན་ཞིག་གི་རྟོད་ཐག་གི་མ་བཅངས་ཚེ་དུག་གསུམ་གྱི་གེགས་སུ་ཚུད་མིན་སྨྲ་མི་དགོས་སོ།
༢
གལ་ཏེ་འཇིག་རྟེན་ནི་མི་རང་རང་སྡོད་སའི་མལ་ཁྲི་ལྟ་བུ་ཞིག་ཡིན་ཚེ་འཁོར་བ་ནི་སོ་སོའི་མལ་ཁྲིར་འདངས་པའི་གདན་ལྟ་བུ་ཡིན། ཡང་དཔེར་བཞག་ན་རང་ཉིད་ཀྱི་མལ་ཁྲིའི་སྟེང་གི་གདན་མཐུག་མིན་དང་འཇམ་མིན་ནི་རང་ཉིད་ཀྱིས་འོས་མཐུན་གྱི་དཀའ་བ་སྤྱད་ནས་ལྟ་དགོས་པ་ལས་གཞན་གྱི་ལམ་ཁྲིད་རྐྱང་རྐྱང་ལ་བརྟེན་ན་བདེ་མོ་དང་འཇམ་པོ་མི་ཡོང་བ་ལྟ་བུ་རེད།
༣
འཁོར་བ་བཤད་དུས་སུ་ངེས་པར་འཇིག་རྟེན་གླེང་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཡིན་ཟེར་ན། འཁོར་བ་ནི་འཇིག་རྟེན་རྐང་གཉིས་འགྲོ་བའི་སྐྱོང་བཞིན་པའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེར་ཀུན་གྱི་བསམ་བློ་གཏོང་རན་འདུག་པའི་“སྒྱུ་རྩལ་གྱི་རང་བཞིན་ནམ་མྱོང་རོལ་གྱི་རྒྱབ་ལྗོངས”་གལ་ཆེན་ཡོད་སྙམ། ད་དུང་“ཡིད་བརྙན”་རང་བཞིན་ཆེས་ཆེར་ལྡན་སྙམ།
༤
འོ་ན་འཁོར་བ་གླེང་དུས་འཇིག་ལས་ད་དུང་འཁོར་བའི་རྟོད་ཐག་ཟེར་བའི་མིང་ཚིག་ཅིག་ཡོང་དགོས་དོན་དེ་གང་ཡིན་ཟེར་ན་འཁོར་བ་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། ལར་ནས་གླེང་ན་དེ་ནི་ཚད་བཀག་མེད་པའི་འཚོ་བའི་མྱོང་བྱ་གལ་ཆེན་ཞིག་ཡིན། དེའི་ཕྱིར་འཁོར་བའི་རྟོད་ཐག་ཅེས་པའི་བསམ་བློའི་འདོགས་ཐག་འདི་བྱུང་དགོས་པ་རེད།
༥
གལ་ཏེ་འཁོར་བ་ཞེས་པ་འདི་གང་དགར་ལོངས་སུ་སྤྱད་ན་ནི་འཇིག་རྟེན་གྱི་གྲུ་ཁ་སོ་སོར་སྤྱད་ཆོག་ཏེ། དཔེར་ན། “ཕོ་མོའི་བརྩེ་དུང་།” “ཕོ་མོའི་ལུས་འབྲེལ།” “ཤ་ཉེའི་བརྩེ་དུང་།” “མི་རིགས་ཀྱི་ལས་འགན།” “རྒྱལ་ཁབ་ཀྱི་ལས་འགན།” “འཚོ་བའི་མཐོང་སྣང”་སོགས་ཕྱོགས་མི་འདྲ་བ་གང་མང་ཞིག་ལ་བཀོད་ཆོག་པས་དེར་ཚད་བཀག་གི་རང་བཞིན་དགར་དགོས་པ་རེད་ལ། དུས་རིམ་དང་བསམ་བློའི་གནས་བབས་ལ་གཞིགས་ནས་འཕེལ་འགྱུར་གཏོང་དགོས་པ་ཞིག་རེད།
༥
གལ་ཏེ་འཁོར་བ་ཞེས་པ་འདི་གང་དགར་ལོངས་སུ་སྤྱད་ན་ནི་འཇིག་རྟེན་གྱི་གྲུ་ཁ་སོ་སོར་སྤྱད་ཆོག་ཏེ། དཔེར་ན། “ཕོ་མོའི་བརྩེ་དུང་།” “ཕོ་མོའི་ལུས་འབྲེལ།” “ཤ་ཉེའི་བརྩེ་དུང་།” “མི་རིགས་ཀྱི་ལས་འགན།” “རྒྱལ་ཁབ་ཀྱི་ལས་འགན།” “འཚོ་བའི་མཐོང་སྣང”་སོགས་ཕྱོགས་མི་འདྲ་བ་གང་མང་ཞིག་ལ་བཀོད་ཆོག་པས་དེར་ཚད་བཀག་གི་རང་བཞིན་དགར་དགོས་པ་རེད་ལ། དུས་རིམ་དང་བསམ་བློའི་གནས་བབས་ལ་གཞིགས་ནས་འཕེལ་འགྱུར་གཏོང་དགོས་པ་ཞིག་རེད།
༦
དེ་ཡང་འཁོར་བ་ནི་“འཇིག་རྟེན”་ལས་མ་འདས་པའི་འཚོ་བའི་ཁྲོད་ཀྱི་མྱོང་བྱ་གལ་ཆེན་ཞིག་ཡིན། འོ་ན་“འཁོར་བའི་རྟོད་ཐག”་ཅེས་་པ་འདི་ཆེས་སྤྱི་མཐུན་ཅན་དང་ཚད་ལྡན་ཅན་ཞིག་ཏུ་མངོན་འགྱུར་ཐུབ་དགོས་ཚེ་ཇི་ལྟར་བྱས་ན་ལེགས་ཟེར་ན་ཡོད་དེ། དེང་གི་“ཚད་ལྡན་མི་གཞིའི་སློབ་གསོ”་དང་“ནངས་པ་སངས་རྒྱས”་ཀྱི་ཕྱོགས་སྟོན་བཟང་པོར་སློབ་སྦྱོང་བྱས་ཏེ་“སྒེར”་སོ་སོའི་བསམ་བློ་ཚད་ལྡན་ཅན་དང་། ཧམ་གྱི་ལྟ་བ་ལེགས་བཅོས་སམ་ཡང་ན་འཇོམས་པར་བྱས་ན་ནི་ད་གཟོད་འཇིག་རྟེན་འཁོར་བ་སྐྱོང་ལུགས་ཚད་དང་ལྡན་ཞིང“འཁོར་བའི་རྟོད་ཐག”ཚད་མཐུན་ཞིག་ལག་ཏུ་བསྟར་ཐུབ་བོ་སྙམ།
༧
མདོར་ན་འཁོར་བ་གོ་མ་མྱོང་པ་མེད་རུང་དེར་ཚད་ལྡན་གྱི་གོ་བ་ལེན་ཤེས་མཁན་དང་ཚད་ལྡན་ཐབས་ལམ་དང་གཞུང་ལུགས་སྤྱད་ནས་མྱོང་རོལ་བྱེད་མཁན་མི་མང་པས་ཀུན་གྱིས་རྟོགས་པའི་གཞུ་མོ་ནང་དུ་བཀུག་ནས་ཚོར་བའི་མདའ་མོ་གཞུ་སྟེང་ལ་འཇོག་རྒྱུ་མཁྱེན་མཁྱེན་མཁྱེན་ནོ།། །།
|