中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། མེས་རྒྱལ་ང་ཡི་སེམས་ཁོང་ན་ཡོད།
དུས་ཚོད།2016-11-11 09:36:28     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
     རང་རེའི་མེས་རྒྱལ་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་དུས་ནམ་ཡིན་ཡང་སྨན་ཆུང་ངའི་ཡ་ཆུང་སེམས་ན་རྡོ་བརྐོས་རི་མོ་བཞིན་གནས་ཡོད་པས།  ང་རང་མེས་རྒྱལ་ལ་སྙིང་ནས་དགའ་ཞིང་དུངས།
     གལ་སྲིད་ང་དང་ཕུགས་འདུན་གཅིག་པའི་སློབ་གྲོགས་ཚོ་མེས་རྒྱལ་འདི་ལ་སེམས་གཏིང་ནས་དགའ་བ་ཡིན་ན།  ད་ནས་བཟུང་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་བསམ་པ་ངན་པ་སྤངས་ནས།  བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་པའི་སྐལ་བ་བཟང་བོ་ལོངས་སུ་སྤྱད་དེ།  དྲིན་ཆེན་ཕ་མ།  དགེ་རྒན་དམ་པ་སོགས་ཀྱི་བཀའ་སློབ་སྟོབས་ཤུགས་དང་བརྩེ་བ་ཡོད་དགུ་འདོན་དགོས།  འོན་ཀྱང་དེང་སང་མི་ལ་ལ་མུན་ནག་གཉིད་ཀྱི་ཞིང་ཁམས་ནས་མ་སད་པར་རང་གི་ཕ་ས་དམ་པར་གཏོར་བརློག་བཟོ་བཞིན་ཡོད་དེ།  རང་སྣང་གང་ཤར་གྱིས་ནགས་ཚལ་དུ་སྡོང་བོ་གཅོད་པ་དང་དབྱར་རྩྭ་དགུན་འབུ་བརྐོ་བ།  ས་བརྐོ་རྡོ་སློག་བྱེད་པ། གད་སྙིགས་གང་སར་གཡུག་པ་སོགས་བྱེད་པས་ཁོ་ར་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད།  བྱ་སྤྱོད་འདི་དག་ནི་མི་རང་སྟེང་ནས་མེས་རྒྱལ་ལ་གཏོར་བརླག་བྱས་པར་བསམ།  ཀྭ་ཡེ་གྲོགས་པོ་ཚོ།  གལ་ཏེ་ཁྱོད་ཚོའང་མེས་རྒྱལ་འདི་ལ་དགའ་བ་ཡིན་ན།  ད་ནས་བཟུང་བསམ་པ་རྣམ་དག་གིས་རང་རེའི་མེས་རྒྱལ་འདི་ལ་སྲུང་སྐྱོབ་རེ་བྱས་ན་འཚམ་པོ་རེད། གལ་ཏེ་སྲུང་སྐྱོབ་མ་བྱས་ཚེ་ས་གཞིའི་ཐོག་ཏུ་བྱུང་བའི་དོན་དག་ཚང་མ་ང་ཚོའི་མགོ་རུ་ལྷུང་ངེས་རེད།  དེའི་ཕྱིར་ཁོར་ཡུག་སྲུང་སྐྱོབ་བྱོས་དང་ཀུན་ལ་ཕན་བདེ་འབྱུང་།  ད་དུང་སྐྱེ་འགྲོ་ཀུན་ལ་མཐུན་སྒྲིལ་ཡོད་དགོས་ཏེ།  ཁ་དཔེ་ལ་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་ཟེར་བ་ལྟར་ང་ཚོ་ལ་མཐུན་སྒྲིལ་ཡོད་ཚེ།  ད་གཟོད་མེས་རྒྱལ་འདི་རང་ཤུགས་ཀྱིས་ཇེ་བཟང་ཇེ་ལེགས་སུ་འགྲོ་ངེས་རེད།
     མེས་རྒྱལ་ལགས། ཁྱེད་ནི་ངའི་སེམས་ཁོང་ན་ནམ་ཡང་ཡལ་ཐབས་བྲལ་བའི་བྱམས་ལྡན་གྱི་ཨ་མ་དང་འདྲ་བས།  ངས་དུས་ནམ་ཡང་ཁྱེད་ལ་སྟོབས་ཤུགས་ཡོད་དགུས་སྲུང་སྐྱོབ་དང་བདག་སྐྱོང་བྱེད།།
    ཅོ་ནེ་རྫོང་ཉིན་པ་སློབ་ཆུང་། དྲུག་གཉིས་འཛིན་གྲྭ། རིན་ཆེན་འཚོ། མཛུབ་སྟོན་དགེ་རྒན། སྒྲོལ་མ་འཚོ།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།