中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། བཀུར་སྟི་མཚན་ཉིད་རིག་པ།
དུས་ཚོད།2019-07-04 09:03:29     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། པོ་དབྱང་གིས་བརྩམས། ཀླུ་འབུམ་ཚེ་རིང་གིས་བསྒྱུར།    ཆུང་། | འབྲིང་། | ཆེ།
    དབང་ཤུགས་ལ་དད་གུས་བྱེད་པ་རྨང་གཞིར་ཆགས་པའི་ལོ་ངོ་སྟོང་གི་སྲོལ་རྒྱུན་རིག་གནས་ཀྱིས་མི་དང་མིའི་བར “བཀུར་སྟི” བྱ་བར་དགའ་བ་ལས “བརྩེ་བ” སྒོམ་མཁན་ཧ་ཅང་ཉུང་། གླེང་ནས་འདིར་བསླེབས་དུས་མི་ལ་ལས་སྤོབས་པ་ཆེན་པོས “ང་ཚོ་ལ་བྱམས་བརྩེ་ལྡན” ཟེར། བྱམས་བརྩེ་དེར་གླེང་ཕྱོགས་གཉིས་ཡོད་པ་རེད། གཅིག “བྱམས་བརྩེ” ནི “བྱམས་བརྩེ” རང་རེད།
     དེ་ནི་གླེགས་བམ་གྱི་གསེང་ན་ཡོད་པ་ལས “བྱམས་བརྩེ” ཀུན་སྤྱོད་ཀྱི་སྟེང་ན་དབུལ་བོར་གནས། དེའི་ཕྱིར་ང་ཚོས “བྱམས་བརྩེ” ཡི་གཟུགས་བརྙན་སྟོན་པ་དམར་བརྗེན་དུ་འཕྱུངས་ཏེ། “བྱམས་བརྩེ” ནི་གླེགས་བམ་གྱི་གསེང་ནས་འཚོལ་བདེ་བ་ལས་ཀུན་སྤྱོད་ཀྱི་སྟེང་ནས་རྙེད་དཀའ། གཅིག་ཤོས་ནི “བྱམས་བརྩེ” དེ “དུངས་བ” ཡིན་མི་སྲིད་ལ། “དུངས་བ” དེའང “བྱམས་བརྩེ” ཡིན་ག་ལ་སྲིད། “བྱམས་བརྩེ” ནི་དབང་འཛིན་པས་མི་སེར་ལ་ཤ་ཚ་བ་དང་སྙིང་རྗེ་བ། ཐ་ན་སྦྱིན་གཏོང་ལ་ཕངས་མེད་དང་བློ་ཁོག་ཆེ་བའི་མངོན་ཚུལ་ཞིག་རེད། དེ་ནི་བྱིས་སྙོར་ཁང་གིས་བྱིས་པར་བདག་སྐྱོང་བྱེད་པ་དང་འདྲ། དོན་དངོས་སུ་མི་དང་མིའི་བར “བཀུར་སྟི” དང “སྐྲག་སྣང” གིས་ཁེངས་འདུག
    འགའ་ཤས་ནི་དད་ཡུལ་དུ་གྱུར་ནས་ཕ་མ་བུས་ཕྲུག་འདྲ། འགའ་ཤས་བློན་ཆེན་དང་གོང་མ། བཙོན་མ་དང་བཙོན་སྲུང་སོགས་ལ་གཉིས་སུ་མེད།
    སྐུ་ཞབས་ཀྲུང་ཆོན་ཀྲོང་གིས་གོང་མར་སྤྲས་པའི་འཁྲབ་སྟོན་དེ་ཁོའི་ཕུ་བོས་མཐོང་རྗེས “འདི་ལྟར་བྱས་ན་གློ་བ་རིངས་པ་རེད། མི་རྒྱུད་གཅོད་པར་མི་སྐྲག་གམ” ཞེས་འཚིག་པ་ཟ་བཞིན་ཁ་གྱེས། དེབ་ཐེར་དུ་ཁོའི་ཕུ་བོར་བསྟོད་པ་ལས་དོན་དུ་ཕུ་བོ་ནི “རབས་གཅོད་པར” འཇིགས་པ་ཙམ་དུ་ཟད། དེབ་ཐེར་དུ་འདི་འདྲའི་ལེ་ཚན་མང་དུ་མཆིས།
    བྱ་བ་གང་ཞིག་ཡིན་རུང་འཇིགས་སྣང་གི་རྒྱུ་རྐྱེན་དུ་གྲུབ་ན། རྗེས་སུ་ལྷག་པའི་དུངས་པ་དེ་སྨྲ་མི་དགོས་པ་ཞིག་རེད། ཐོག་ཁང་དམར་པོའི་རྨི་ལམདུ་ཅཱ་པའོ་ཡུས་ཀྱིས་ལིན་ཏེ་ཡུས་ལ “ངའི་སེམས་སུ་ཕ་མ་ལས་གཞན་ཁྱོད་ཡོད” ཅེས་པར་བགྲེས་པོས་ནམ་ཡང་ཚིག་དེའི་བདེན་པའི་རང་བཞིན་ལ་ཐེ་ཚོམ་ཟས་ཏེ་ན་རེ། སྐུ་ཞབས་ཅཱ་པའོ་ཡུས་རང་ཉིད་ཀྱི་ཕ་མར་དགའ་བ་བདེན་པའི་བརྡ་རེད། གལ་སྲིད་ཁོ་མོའི་ཕ་མར་དགའ་བར་བཤད་ན་གནད་དོན་ཆེན་པོ་ཡོད་སྲིད།
    དཔེ་ཆ་ཡོངས་སུ་བློ་ཞིབ་མོས་བཙལ་ཡང་ཧ་ལམ་ཁོའི་ཕ་མར་དགའ་བའི་རྗེས་ཤུལ་ཙམ་ཡང་མི་སྣང་བར་ཡོངས་རྫོགས་ནི་སྐྲག་སྣང་རེད། ཨ་ཕས་ཁོ་ཐེངས་གཅིག་འབོད་པ་ཐོས་ན་མགོ་ཐོག་ཏུ་འབྲུག་སྟོང་ལྡིར་བ་དང་མཚུངས། བྱིས་པ་ཞིག་གིས་ཕ་མར་འདི་འདྲའི་འདུ་ཤེས་འཛིན་པའི་ཁྲོད་དུ་ཕལ་ཆེར་ཨ་ཕ་སྔ་མོ་ནས་འདས་ན་དགའ།
    བཀུར་སྟི་མཚན་ཉིད་རིག་པས་གོང་མ་དང་བློན་པོའི་བར། མི་སེར་དང་བདག་པོའི་བར་གྱི་བར་ཐག་ཉིན་རེ་ནས་ཉིན་རེར་རྒྱང་བསྐྱེད་དུ་བཅུག གོང་མའི་ཟིལ་ཤུགས་བླ་རུ་འཕགས་ནས “སུམ་ཅུ་རྩ་གསུམ་གྱི་མཐོ་རིས་བར་བསྲིངས་ན། ལྷའི་དབང་བོར་གྱུར” འབངས་བློན་གྱི་རང་དམན་བྱེད་པ “དམྱལ་ཁམས་བཅོ་བརྒྱད་ཀྱི་གནས” སུ་ལྷུང་དགོས།
    འདི་ནི་འཛམ་གླིང་སྟེང་རྒྱལ་ཁབ་གང་ལའང་མེད་པ་ཞིག་ཡིན་ལ་ཀྲུང་གོ་ཡང་དངོས་པར་རྒུད་པའི་གཤིས་རྒྱུད་ཅིག་རེད།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།