༄༅།། པུ་ར་ལི་པ། - ལོ་རྒྱུས་དང་རིག་གནས་མི་སྣ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > ལོ་རྒྱུས་དང་རིག་གནས་མི་སྣ། >
༄༅།། པུ་ར་ལི་པ།
དུས་ཚོད།2019-06-21 12:06:57     རྩོམ་གྱི་ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ།     ཆུང་། | འབྲིང་། | ཆེ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
 
   སློབ་དཔོན་པུ་ར་ལི་པའི་ལོ་རྒྱུས་ནི།  རིགས་དམངས་རིགས།  བླ་མ་ཡེ་ཤེས་རྡོ་རྗེའོ།  །སློབ་དཔོན་ཡེ་ཤེས་རྡོ་རྗེས།   དེའི་གན་དུ་བསོད་སྙོམས་ལ་བྱོན་པས།   དེ་དད་དེ་སློབ་དཔོན་དུ་བཟུང་ནས་ཆོས་ཞུས་པས།   སློབ་དཔོན་གྱིས་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར།   བསྐྱེད་རྫོགས་ཀྱི་གདམས་པ་བྱིན་ནས་སྒོམས་ཤིག་གསུངས།    དེས་བདེ་མཆོག་གི་ཐང་སྐུ་ཅིག་ཁྱེར་ཏེ།    གྲོང་ཁྱེར་དུ་སློང་མོ་བྱེད་ཅིང་ལོ་བཅུ་གཉིས་བསྒོམས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་སྟེ།    ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་ནས་གྲུབ་པ་ཐོབ་ཀྱང་།   མི་ཐམས་ཅད་ཀྱིས་མ་ཚོར་བ་དང་།  དེས་རྒྱན་གྱིས་བརྒྱན་ནས་རྒྱལ་པོའི་གན་དུ་སློང་དུ་ཕྱིན་པ་དང་།   དེའི་བྲིས་སྐུ་རྒྱལ་པོས་མཐོང་ནས།   དབང་ཕྱུག་ཆེན་པོ་དང་ཨུ་མ་གདན་དུ་བྱས་འདུག་པ་དང་།    རྒྱལ་པོ་ཁྲོས་ཏེ་ངའི་ལྷ་གདན་དུ་བྱེད་པ་ཟེར།   བདག་གིས་མ་ཉེས་ཏེ་ལྷ་བཟོ་བས་བྲིས་པ་ཡིན།   ཁྱེད་རང་ཡང་ལྷ་བཟོ་བར་འབྲིར་ཆུག་ཅིག་བྱས་པས།   རྒྱལ་པོ་བདེན་བསམ་སྟེ། ལྷ་བཟོ་བ་གཅིག་ལ་དབང་ཕྱུག་དང་ཨུ་མའི་གདན་དུ་རྣལ་འབྱོར་པའི་ཡི་དམ་བཅུག་པ་ཞིག་བྲིས་གསུངས་ནས་བྲིས་ཚར་བ་དང་།    རྣལ་འབྱོར་པ་ན་རེ།   ལྷ་འདི་གཉིས་ལ་ཁྱད་ཆེ་སྟེ།   ཁྱེད་ཀྱི་ལྷ་ནི་འཇིག་རྟེན་པ་ཡིན།   བདག་གི་ལྷ་ནི་འཇིག་རྟེན་ལས་འདས་པ་ཡིན་པས།  ཁྱེད་ཀྱིས་དེ་ལྟར་བྲིས་ཀྱང་བདག་གི་ལྷ་སྟེང་དུ་འོང་ཟེར།   རྒྱལ་པོ་ན་རེ།  དེ་ལྟར་བྱུང་ན་བདག་ཀྱང་ཁྱེད་ཀྱི་བསྟན་པ་ལ་འཇུག་གོ་ཟེར།   རྣལ་འབྱོར་པས་དེའི་མཚན་མོ་འཁོར་ལོ་བདེ་མཆོག་གི་ཞབས་འོག་ཏུ་དབང་ཕྱུག་དང་ཨུ་མ་མནན་པ་བསྒོམས་པས།   དེ་ལྟར་དུ་གྱུར་ཏེ་ནང་པར་རྒྱལ་པོས་བལྟས་པས་གོ་ལོག་པ་མཐོང་སྟེ།   རྒྱལ་པོ་དད་པར་གྱུར་ནས་ཕྱི་པ་ལས་ལོག་སྟེ་འཁོར་དང་བཅས་པ་ནང་པ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ།  དེ་ནས་སློབ་དཔོན་པུ་ར་ལི་པ་ཞེས་མཚན་ཡོངས་སུ་གྲགས་ཏེ།  རྒྱལ་པོའི་བླ་མ་མཛད་ནས་ལོ་ལྔ་བརྒྱའི་བར་དུ་འཇིག་རྟེན་དུ་བཞུགས་ནས་སེམས་ཅན་གྱི་དོན་དུ་མ་མཛད་དོ།  །དེའི་རྟོགས་བརྗོད་ནི།    ཐམས་ཅད་བདེ་གཤེགས་རང་བཞིན་ཏེ།  །བློ་བཞག་ལོག་པའི་ལམ་སྤངས་ན།  སྙིང་པོའི་འབྲས་བུ་གདོན་མི་ཟ།   །བླ་མ་དབང་བླང་ལྷན་སྐྱེས་ཀྱི།   །རོ་ཡིས་ཀུན་ལ་ཁྱབ་བྱས་ཏེ།   །  སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན།  །ཞེས་གསུངས་ནས་འཁོར་ཕྱེད་དང་དྲུག་བརྒྱ་དང་བཅས་ཏེ་ལུས་དེ་ཉིད་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ།   །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།