中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། དམངས་སྲོལ་དང་དམངས་སྲོལ་རིག་པའི་གོ་དོན་བཤད་པ།
དུས་ཚོད།2017-03-17 17:03:28     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།    ཆུང་། | འབྲིང་། | ཆེ།
   དམངས་སྲོལ་དང་གོམས་སྲོལ། ཡང་ན་ལུགས་སྲོལ་དང་ཆ་ལུགས་ཞེས་བྱ་བའི་ཐ་སྙད་འདི་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་རྩོམ་རྙིང་ཤོས་དག་ལས་རྒྱུན་དུ་མཐོང་ཐུབ་པ་མ་ཟད།  བོད་རིགས་དམངས་ཁྲོད་ཀྱི་སྐད་ཆའི་ནང་དུའང་ཡོངས་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་ཡོད་པ་ཞིག་ཡིན་པས།  ཐ་སྙད་འདི་གནའ་སྔ་མོ་ནས་རང་རེའི་བོད་སྐད་ཡིག་ཐོག་ཏུ་བེད་སྤྱོད་བྱེད་བཞིན་ཡོད་པ་རྟོགས་ཐུབ་ལ།  དེང་གི་སྐབས་སུའང་ད་དུང་ཡིག་ཐོག་དང་ཁ་སྐད་གཉིས་ཀ་ན་རྒྱ་ཆེར་བེད་སྤྱོད་བྱེད་བཞིན་ཡོད་སྟབས།  བོད་སྐད་སྨྲ་ཤེས་པ་དང་བོད་ཡིག་ཀློག་ཐུབ་པའི་མི་ཐམས་ཅད་ལ་མཚོན་ན།  ཐ་སྙད་འདིའི་དོན་མི་གོ་བ་དང་དོན་འགྲེལ་དཀའ་བ་སོགས་ཀྱི་གནས་ཚུལ་གཏན་ནས་འབྱུང་མི་སྲིད་མོད།  འོན་ཀྱང་དེང་སང་གསར་དུ་དར་བའི་རིག་གཞུང་ནང་དུ་མིང་ཚིག་རྙིང་བ་འདི་ལ་ཚན་རིག་དང་མཐུན་པའི་བདར་ཤ་དང་དབྱེ་ཞིབ་བྱས་ན།  གོ་དོན་གསལ་བོ་མིན་པ་དང་འགྲེལ་གསལ་བོ་སོང་མེད་པ་སོགས་ཀྱི་གནས་ཚུལ་བྱུང་གིན་ཡོད།  དེས་རིག་གཞུང་གསར་བའི་ནང་དུ་བེད་སྤྱོད་བྱེད་བཞིན་པ་འདིའི་དོན་བདེ་བླག་ཏུ་རྟོགས་རྒྱུར་ཅུང་ཁག་པོའི་ཚུལ་དུ་སོང་ཡོད་པ་མཐོང་ཐུབ།
  དེས་ན་སྐབས་སུ་དམངས་སྲོལ་ཞེས་པའི་ཐ་སྙད་འདིའི་དོན་གསལ་བོར་རྟོགས་པར་ཐོག་མར་རིག་གཞུང་བརྡ་ཆད་གཅིག་ཏུ་བཞག་པ་ནས་གླེང་བར་བྱ་སྟེ།  དབྱིན་ཇིའི་མཁས་པ་ཐང་མོ་སིས་དམངས་སྲོལ་ཞེས་པའི་ཆེད་བཀོད་ཐ་སྙད་འདི།  ཐོག་མར་དབྱིན་ཇིའི་སྐད་དུ་དམངས་སྲོལ་ཞེས་པ་ཆེད་ལས་ཐ་སྙད་ཅིག་ཏུ་བེད་སྤྱོད་ཅིང་།  ཁོང་གིས་དམངས་སྲོལ་ཞེས་པ་ནི་མི་ཀུན་གྱི་ཁྲོད་དུ་ཡོངས་ཁྱབ་ཏུ་སྤེལ་བཞིན་པའི་སྲོལ་རྒྱུན་གྱི་དད་མོས་དང་།  ངག་རྒྱུན་དང་གོམས་སྲོལ་ཏེ།  གནའ་སྔ་མོའི་དུས་ཀྱི་སྤྱོད་ཚུལ་དང་།  གོམས་སྲོལ།  གནས་སྟངས།  རྨོངས་དད། དམངས་གླུ གཏམ་དཔེ་ལ་སོགས་པ་ཡིན། ཞེས་བརྗོད་ཡོད་པ་རེད།  ཐང་མོ་སིས་དམངས་སྲོལ་ལ་ཐོག་མར་དེ་ལྟར་ཚིག་འགྲེལ་བྱས་པའི་རྗེས་ཀྱི་ལོ 160 ཙམ་གྱི་རིང་དུ་ནུབ་ཕྱོགས་རྒྱལ་ཁབ་ཏུ་མཁས་པ་མང་བོ་ཞིག་གིས།  དམངས་སྲོལ་རིག་གནས་ལ་དོ་སྣང་མཛད་པ་དང་དཔྱད་འབྲས་རྒྱ་མི་ཆུང་བ་ཞིག་བླངས་ཡོད།  ཁྱད་པར་དུ་ལོ་ངོ 150 ལྷག་གི་རིང་དང་།  མཁས་དབང་བརྒྱ་ཕྲག་མང་བོའི་བློ་སྒོ་ཡངས་མོར་ཕྱེ་བའི་གྲུབ་འབྲས་ལས། ད་ལྟ་དམངས་སྲོལ་རིག་གཞུང་འདི་འཕེལ་རྒྱས་དང་གོང་སྤེལ།  ཆ་ཚང་དང་འཐུས་ཚང་དུ་སོང་བ་རེད།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།