中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། ཨར་ཀ་གྲོང་ཚོའི་ས་གཡང་སེར་འཁོར་གཏོང་སྲོལ།
དུས་ཚོད།2020-04-17 12:03:40     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  གོ་པའི་གཞས།
  དེ་རིང་གཟའ་སྐར་ཡག་ལ།
  དབུས་ལ་གེ་སར་འཛོམས་པའི་བཀྲ་ཤིས་ཤོག
(འདིའི་རྗེས་ཀྱི་ཚིག་རེ་གཉིས་ལ་གསལ་ཆ་མི་འདུག )  དེ་རྗེས།
  འཛོམས་འཛོམས་འདི་འཛོམས་པའི་འཆར་གཞི་རུ།
  གླུ་མགུར་འདི་དམན་ཆུང་བུ་མོས་བཏང་།
  ཞབས་བྲོ་འདི་མཆི་མེད་ཧོང་སྒྲས་བརྒྱབ།
  གཏམ་ཞིབ་དྲག་པོ་མི་ལ་སྨོན་མི་དགོས།
  (༡)བད།
  ཧའོ་ཧའོ་ཧའོ་་་་་་་་་་་་་།
  རི་མཐོ་པོ་གཅིག་དང་མཐོ་པོ་གཉིས།
  རི་མཐོ་པོ་ལྷ་ཆེན་ཚངས་པའི་རི།
   དེ་ལ་འཁོར་གསུམ་ལྡིང་གསུམ་བཤད་ཟེར་ན།
   འཁོར་བ་རྣམས་ལ་ཤ་བ་དགོ་བ་འཁོར།
   ལྡིང་བ་རྣམས་ལ་ཐང་དཀར་རྒོད་པོ་ལྡིང་།
   མཚོ་ཆེན་པོ་གཅིག་ལ་མཚོ་ཆེན་པོ་གཉིས།      མཚོ་ཆེན་པོ་མ་ཕམ་གཡུ་མཚོ་ལ།
   དེ་ལ་འཁོར་གསུམ་ལྡིང་གསུམ་བཤད་ཟེར་ན།
   འཁོར་བ་རྣམས་ལ་ཉ་དང་སྦལ་བ་འཁོར།
   ལྡིང་བ་རྣམས་ལ་གསེར་བྱ་ངང་བ་ལྡིང་།
   གཞིས་ཆེན་པོ་གཅིག་དང་གཞིས་ཆེན་པོ་གཉིས།
   གཞིས་ཆེན་པོ་རྡོ་ཁང་གྲུ་བཞི་ལ།
   དེ་ལ་འཁོར་གསུམ་ལྡིང་གསུམ་བཤད་ཟེར་ན།
   འཁོར་བ་རྣམས་ལ་སྟག་ཤར་གཞོན་པ་འཁོར།
   ལྡིང་བ་རྣམས་ལ་ཆང་དང་ཇ་ལོ་ལྡིང་།
(༢)ལྕགས་དཀར་ཁྲ་ཆེན། འཇའ་ལྗང་།
   ལྕགས་དཀར་ཁྲ་ཆེན་དཔའ་བོའི་མཛོག་ཅིག་ཞུ།
   ཨོ་མོ་གླིང་བརྒྱད་གངས་ལྷའི་ཉིན་ཞག་ཞུ།
   དར་ཆེན་དེ་ཚོ་མཐུ་དང་རྒྱལ་མཚན་ཞུ།
   དར་ཆུང་དེ་ཚོ་རླུང་རྟའི་རྒྱལ་མཚན་ཞུ།
   པད་རྒྱན་མེ་ལོང་འཛམ་གླིང་ཞི་བདེར་ཞུ།
   སྡོམ་ར་ཨབ་སེ་ལྷ་སྲིན་སྡེ་བརྒྱད་ཞུ།
    དར་ཚོན་གླིང་ལྔ་ནམ་མཁའི་འཇའ་ལྟར་ཞུ།
    གྲུམ་པ་རྒྱ་གྲུམ་ཤ་བ་སྤང་རྒྱན་ཞུ།
    ཕུ་རུ་མ་ཆགས་ཕུ་རུ་ཆགས།
    ཕུ་རུ་གངས་རི་དཀར་པོ་ཆགས།
    ཕུ་གངས་རི་དཀར་པོ་མ་ཆགས་ན།
    མདའ་སྐྱིད་ཆུ་སྔོན་མོ་འཁྲུངས་དོན་མེད།
    མདའ་སྐྱིད་ཆུ་སྔོན་མོ་མ་འཁྲུངས་ན།
    ཤིང་ཙནྡན་སྡོང་བོ་འཁྲུངས་དོན་མེད།
    ཤིང་ཙནྡན་སྡོང་བོ་མ་འཁྲུངས་ན།
    བྱ་ཁུ་བྱུག་སྔོན་མོ་བབས་དོན་མེད།
    བྱ་ཁུ་བྱུག་སྔོན་མོ་མ་བབས་ན།
    དབྱར་ཟླ་གསུམ་དང་སྟོན་ཟླ་གསུམ།
    དགུན་ཟླ་གསུམ་ལ་དབྱེ་ཤན་མེད།
    དབྱར་ཟླ་གསུམ་གྱི་དབྱེ་བ་མ་ཆོད་ན།
    གྲོ་ནས་སྲན་གསུམ་དར་དོན་མེད།
    ནས་དཀར་པོ་འདི་ཡི་ནས་ཕུད་འབུལ།
    གྲོ་དཀར་པོ་འདི་ཡི་གྲོ་ཕུད་འབུལ།
    སྲན་སྲན་དཀར་འདི་ཡི་སྲན་ཕུད་འབུལ།
    འཇགས་ལན་པཱ་ལོ་འདིར་ཕུལ་བ་ཡིན།
    སའོ་་་སའོ་་་་་་་་སྐྱིད་སྐྱིད་བསོ་བསོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།