中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > དུས་སྟོན། >
༄༅།། རྟ་རྒྱུག་དུས་ཆེན།
དུས་ཚོད།2017-06-16 10:05:38     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།    ཆུང་། | འབྲིང་། | ཆེ།
 
      རྟ་རྒྱུག་དུས་ཆེན་ནི་བོད་མིས་ཧ་ཅང་དགའ་པོ་བྱེད་པའི་དུས་ཆེན་ཞིག་ཡིན།   དེའང་སྤྱི་ཚོགས་དང་ཐོན་སྐྱེད་འཕེལ་རྒྱས་བྱུང་བ་དང་འབྲེལ་བ་དམ་ཟད་ཡོད་པ་ཞིག་ཡིན།   གང་ལགས་ཤེ་ན།   སྐབས་དེར་བོད་མིའི་འགྲིམ་འགྲུལ་ཡོ་ཆས་གཙོ་བོ་ནི་རྟ་ཡིན་ཅི་ཚང་མས་རྟ་ལ་དུངས་ཞེན་ཆེན་པོ་བྱེད་ཀྱི་ཡོད་ལ་རྟ་ནི་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་ནང་མེད་དུ་མི་རུང་བའི་དངོས་པོ་ཞིག་ཏུ་གྱུར་པ་རེད།   དེར་བརྟེན་བོད་མིས་རྟ་ལ་མཐོང་ཆེན་བྱེད་ཀྱི་ཡོད།    དཔེར་ན་མིང་གི་རྣམ་གྲངས་ལས་རྟ་ལ་ཅང་ཤེས་དང་།   རྟ་མཆོག་རིན་པོ་ཆེ་ཟེར་སྲོལ་ཡོད་ཁར་ཐ་ན་ཡིད་དམ་ལའང་རྟ་མགྲིན་ཟེར་བ་བཅས་ཀྱི་ཐོལ་ནས་བོད་མིས་རྟ་ནི་སྒོ་ཕྱུགས་ཀྱི་ནང་ནས་གཙོ་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད་པ་གསལ་རྟོགས་ཐུབ་པ་མ་ཟད།    ད་དུང་སྔོན་བྱོན་མཁས་དབང་ཚོས་རྟ་ལ་དཔྱད་པའི་རྟ་བཤད་རྩོམ་འབྲི་གནང་ཡོད་པ་ནི།   དཔེར་ན《རྟ་དཔྱད་མཐོང་བ་ཀུན་གསལ་མེད་ལོང》ལས“དེ་བཞིན་ཕྱོགས་རེར་ཡུལ་ལྔ་ནས།    རྟ་མཁན་མཁས་པ་མི་དགུ་བསྡུས།  དགུ་བོ་འདོད་ལུགས་སོ་སོར་བྱུང་།  ”ཞེས་འཁོད་པར་གཞིགས་ན།    ཁྲི་སྲོང་གི་དུས་ནས་རྟའི་དབྱ་བ་ཆེན་པོ་དྲུག་འབྱེད་སྲོལ་ཡོད།    གོང་གསལ་གྱི་ཐོག་ནས་བོད་རྟ་ལ་འདུ་ཤེས་གཏིང་ཟབ་ཡོད་པ་མཐོང་ཐུབ་པ་ནི་རྟ་རྒྱུག་དུས་ཆེན་གྱི་བྲོལ་དར་བའི་མང་ཚོགས་ཀྱི་རྨང་ཞིག་ཞིག་ཡིན་ལ་བསམ་པའི་རྨང་གཞི་ཞིག་ཀྱང་ཡིན།    རྨང་གཞི་དེ་འདྲ་ཞིག་གི་ཐོག་མཚོ་སྔོན་པོའི་ཉེ་འགྲམ་དུ་རྟ་རྒྱུག་གི་དུས་ཆེན་དར་བཞིན་ཡོད།    སྔར་བཙན་པོའི་དུས་ནས་རྟ་ཐོག་སྤོ་ལོ་རྒྱག་སྲོལ་ཡོད་པ་བཅས་ཀྱི་ཐོག་ནས་བོད་ཡུལ་དུ་རྟ་རྒྱུག་དུས་ཆེན་གྱི་སྲོལ་དེ་དར་ནས་དུས་ཡུན་ལོ་ངོ་སྟོང་ལྷག་ཕྱིན་ཡོད་པ་ར་འཕྲོད་གསལ་པོ་ཐུབ་ཀྱི་རེད།
     ཡུལ་ལུང་སོ་སོའི་རྟ་རྒྱུག་གི་ནང་དོན་ཐད་རྩ་བའི་ཆ་ནས་འདྲ་མཚུངས་ཡིན།    གཅིག་ནས“རྒྱུག་ཆེན”ཞེས་མགྱོགས་ཚད་འགྲན་བསྡུར་བྱས་ནས་མགྱོགས་ཚད་ཀྱི་ཨང་ཀི་བཟོས་ཏེ་རིམ་པ་མཐོ་དམའ་ལ་གཞིགས་པའི་བྱ་དགའ་སྤྲོད་ཀྱི་ཡོད།    འགྲན་བསྡུར་ནང་ཞུགས་མཁན་མང་ཆེ་བ་ལྗིད་ཚད་ཡང་བར་བལྟས་ནས་བྱིས་པ་ལོ་བཅུ་ལྷག་ཙམ་ཡང་ཡོད།   རྟ་རྒྱུག་འགྲན་བསྡུར་གཏོང་སྐབས་རྟ་པ་ཚོས་མི་རིགས་ཁྱད་ཆོས་ལྡན་པའི་རྒྱན་གོས་གང་ལེགས་གྱོན་དགོས་པའི་ཁར་རྟ་ལའང་རྟ་ཆས་དང་མཛེས་རྒྱན་གང་ལེགས་སྤྲས་ཏེ་དེ་ཉིན་ནི་རྟ་བཟང་ཞན་དང་།   མིའི་རྟ་རྩལ།   རྒྱན་གོས་ཡག་མིན་བཅས་ཀྱི་འགྲན་རྩོད་ཞིག་ཀྱང་ཡིན།    གཉིས་ནས“འགྲོས་བསྡུར”ཞེས་རྟ་འགྲོས་མའི་མགྱོགས་ཚད་དང་།  འགྲོས་ཡག་ཚད་བསྡུར་གྱི་ཡོད་ཅིང་།    འགྲོས་ནི་རྟའི་ཆ་རྐྱེན་གཙོ་བོ་ཞིག་ལ་བརྩི་བཞིན་ཡོད་པ་རེད།   འགྲོས་བསྡུར་ལའང་མགྱོགས་ཚད་ལ་བལྟ་བ་མ་ཟད།   ད་དུང་རྟས་གོམ་པ་རྒྱག་དུས་ལག་པ་མཐོ་དམའ་དང་འགྲོས་བདེ་མིན་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ་རིམ་པ་དབྱེ་ནས་བྱ་དགའ་སྤྲོད་སྲོལ་ཡོད་པ་རེད།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།