中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > དུས་སྟོན། >
༄༅།། དྲུང་སྤྱི་དབྱར་སྐྱིད།
དུས་ཚོད།2016-09-14 09:38:18     རྩོམ་གྱི་ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ།     ཆུང་། | འབྲིང་། | ཆེ།
       དྲུང་སྤྱི་དབྱར་སྐྱིད་ནི་ལྷ་སའི་སྐུ་དྲག་རྣམས་ཀྱིས་བོད་ཟླ་བརྒྱད་པའི་ནང་ཤོད་སྐོར་ཛ་ཐའི་ནས་རིམ་བཞི་དང་། སྲས་རྣམ་པ། རིམ་པ་ལྔ་བའི་ནང་མའི་ལས་ཚན་ཡན་ཁྱིམ་ཚང་གཉིས་རེ་ཟླ་བསྒྲིལ་རེས་འཁོར་གྱིས་དྲུང་སྤྱི་གླིང་ག་དང་ཕྱག་མཛོད་གླིང་ག འཕྲལ་བདེ་གླིང་ག་སོགས་ལ་གུར་བརྒྱབ་ནས་གཏོང་བ་ཞིག་ཡིན། དེ་ཡང་ཐོག་མར་བོད་ས་སྤྲེལ་སྤྱི་ལོ་1848ལོར་ནོར་གླིང་དབུ་གཡབ་གསར་བཞེངས་གནང་བའི་ཕྱི་ལོ་ནས་གཟིམ་ཆུང་ཆབ་ཞུགས་དང་འབྲེལ་ནོར་གླིང་ཆོས་རའི་སྡིངས་ཆའི་ཐོག་ཏུ་གར་དང་ལྷ་མོ་འཁྲབ་མགོ་ཚུགས་པར་བརྟེན། དུས་དེ་ནས་བཟུང་དཔེ་སྲོལ་བཟང་བོ་ཞིག་ཏུ་བསམས་ནས་ལོ་རེ་བཞིན་རྒྱུན་འཁྱོངས་བྱས་ཏེ། ལོ་རེའི་ཟླ་བརྒྱད་པར་ཐོན་དུས་ཆབ་ཞུགས་དང་ནོར་གླིང་ཞོ་སྟོན་གཏོང་སྲོལ་དར་བྱུང་། འདིར་བརྗོད་པའི་ཆབ་ཞུགས་ནི་དགོན་སྡེ་ཁག་གི་དབྱར་གནས་གྲོལ་རྗེས་ཀྱི་དགའ་སྟོན་སྤྲོ་གསེར་བྱེད་པ་ལ་ཟེར། དེ་ནས་རིམ་བཞིན་བཀའ་ཤག་དང་ཡིག་ཚང་རྩེ་ཤོད་དྲུང་སྤྱི་དབྱར་སྐྱིད་དང་ལས་ཁུངས་ཁག་གི་སྤྲོ་སྐྱིད་གཏོང་སྲོལ་རྣམས་རྒྱ་ཁྱབ་ཏུ་དར་མགོ་ཚུགས་པ་རེད།
      ས་སྟག་སྟེ་སྤྱི་ལོ་1878ལོར་ཆབ་རྫིང་གླིང་གར་ཤོད་སྐོར་སྤྱི་ནས་འགྲོ་གྲོན་བཏང་སྟེ་སྤྲོ་ཁང་གསར་བ་བརྒྱབ་རྗེས་དེ་ལ་དྲུང་སྤྱི་གླིང་ག་ཞེས་གཅིག་གྱུར་གྱི་མིང་གཏན་ཁེལ་བྱས་པ་དང་། ལོ་ལྟར་དྲུང་སྤྱི་གླིང་ག་རུ་དབྱར་ཁའི་སྤྲོ་སྐྱིད་གཏོང་བའི་སྐབས་སུ། སྐྲོ་སྐྱིད་སྤྱི་མི་གཉིས་ཀྱི་རོགས་ཟླར་གཡོག་འཁོར་འགའ་དང་སྤྱི་ཁྱབ་ལས་བྱེད་པ་དུ་མ་སྦྲན་ཏེ། སྤྲོ་སྐྱིད་གསོལ་སྟོན་གྱི་དགོས་མཁོའི་རིགས་སྔ་ས་ནས་གྲ་སྒྲིག་བྱེད་པ་དང་། དངོས་གཞི་གཏན་ཁེལ་བྱས་པ་ན། སྤྱི་པ་གཉིས་ཀྱིས་རང་རང་གི་གོ་ཐོབ་ལས་གོས་གཟབ་མཆོར་སྤྲས་ཏེ་རྩིས་ཁང་དུ་རྩིས་དཔོན་རྣམ་པ་བཞི་དང་ཡིག་ཚགས་རྩིས་ཕྲུག་ངོ་གཡོག་བཅས་གདན་འདྲེན་ཞུ་བར་བསྐྱོད་ཅིང་། སྤྲོ་སྐྱིད་ཁང་སྟེང་ནས་ལྷ་བསང་གཏོང་བ་དང་བཀྲ་ཤིས་ཁྲ་རིང་དཔྱང་བ། གཡུང་དྲུང་རི་མོའི་དཀར་ཐིག་འབྲི་བ་སོགས་བྱས་ཏེ། གཞུང་ཞབས་ཀྱི་སྤྱི་ཁྱབ་ལས་བྱེད་པ་ཆེ་འབྲིང་ཆུང་གསུམ་དང་རྒྱན་བཟང་མ་གཉིས། འཁྲུང་གཡོག་གཉིས་བཅས་གོ་རིམ་བཞིན་ཕེབས་བསུར་གཅར་བ་ཡིན། དེ་ནས་རྩིས་དཔོན་རྣམ་པ་ཆིབས་བཤོལ་མཚམས་གྲ་སྒྲིག་ལེགས་པར་ཟིན་པའི་ཚོགས་ཁང་ཆེན་མོར་ཕེབས་ཏེ་རྩིས་དཔོན་རྣམ་པ་དང་རྩིས་པ། ཡིག་ཚགས་བཅས་བཞུགས་གྲལ་དུ་འཁོད་འཕྲལ་གསོལ་ཇ་དང་བཞེས་འབྲས། མར་ཟན། ཞིམ་ཐུད་ལ་སོགས་བོད་ཟས་སྣ་ཚོགས་བཏེགས་འབུལ་ཞུས་ནས། དཔོན་གཡོག་སྐུ་འཁོར་ཐམས་ཅད་ཐུགས་དགྱེས་པར་བྱེད། ཉིན་གུང་དང་དགོང་དྲོ་ཡང་བབ་མཚུངས་ཀྱི་སྟོན་མོ་བཤམས། དེ་ལྟར་ཉིན་འགའི་རིང་ལ་བཀའ་ཤག་མགྲོན་དྲུང་དང་རྩེ་སྐོར་ནང་མ་མཁན་སྡེ་ཆེ་ཆུང་སོགས་ཀྱང་སྐུ་མགྲོན་ལ་ཕེབས་ནས་མཉམ་དུ་གསོལ་ཇ་མཆོད་ཆང་། མཉེས་ཟས་བཞེས་སྤྲོ་བཅས་རང་རང་གང་མོས་གསོལ་ཏེ་དགའ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། ནང་གཞས་འབུལ་མཁན་དང་གར་རོལ་གཟུགས་བཟང་མ་དག་གིས་སྒྲ་སྙན་དང་། གླིང་བུ་ལ་སོགས་པའི་རོལ་ཆས་དཀྲོལ་བའི་དབྱངས་སྙན་དང་བསྡོངས་ནས། ནང་གཞས་སྣ་མང་དང་རྐྱང་གཏོང་གླུ་གར་སོགས་འཁྲབ་སྟོན་བྱེད། སྤྲོ་སྐྱིད་མཇུག་བསྒྲིལ་ལ་ཉེ་སྐབས། རྩིས་དཔོན་རྣམ་པ་བཞི་དང་ཛ་ཐའི། རིམ་བཞི་བཅས་ཀྱིས་སྤྲོ་སྐྱིད་སྤྱི་པ་གཉིས་ལ་སྐུ་ཚེགས་མྱངས་པའི་གཏང་རག་ཏུ་མཇལ་དར་ནང་མཛོད་རེ་དང་། དེ་བྱིངས་སྤྱི་ཁྱབ་ལས་བྱེད་པ། རྒྱན་བཟང་མ་བཅས་ལ་གོ་རིམ་བཞིན་མཇལ་དར་བསྒྲོན་ཟིན་པ་དང་བསྟུན། རྡོ་གཅལ་ནད་བསང་རྩི་ཕྱེ་མར་ཆང་ཕུད་བཅས་གྲ་སྒྲིག་ཡོད་སར་ཕེབས་ཏེ་རྩེ་ཕོ་བྲང་ལ་ཞལ་ཕྱོགས་བཞིན་རྩམ་ཕྱེ་སྤར་མོས་གཏོར་ཞོར་སྐད་གསེང་མཐོན་པོས་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་པོ་ཞེས་ལྷ་རྒྱལ་དབྱར་རྔ་ལྡིར་བ་ལྟར་འཐེན་ཏེ། དེར་ཡོད་ཚང་མས་ཕྱེ་མར་དང་ཆང་ཕུད་གཏོར་བའི་འདུ་འཛི་ཡོ་ལང་དང་མཉམ་དུ། ཕུན་སུམ་ཚོགས་པའི་ངང་དྲུང་སྤྱི་དབྱར་སྐྱིད་ཀྱི་མཇུག་བསྡུ་བ་ཡིན། དེའི་སྐབས་སུ་སྤྱི་པ་ཁ་མགོ་གཉིས་ལ་དྲུང་སྤྱིའི་སྤྲོ་སྐྱིད་ཀྱི་མཐུན་རྐྱེན་ལྟ་བུར་ལོ་ལྟར་མར་ཁལ་ཉིས་བརྒྱ་ཙམ་བསྡུ་སྲོལ་ཡོད་པ་དང་། དྲུང་སྤྱི་སྤྲོ་སྐྱིད་གྲོལ་བའི་ཕྱི་ཉིན་དེར་སྡུག་སྤོའི་ཚུལ་དུ་སྤྱི་པ་གཉིས་དང་ལས་བྱེད་པ་བཅས་ནང་འཁོར་རྣམས་ཀྱིས་ཁ་གསབ་ལྟ་བུའི་སྤྲོ་སྐྱིད་གནང་སྲོལ་ཡང་ཡོད།།
       དྲུང་སྤྱི་དབྱར་སྐྱིད་ནི་ལྷ་སའི་སྐུ་དྲག་རྣམས་ཀྱིས་བོད་ཟླ་བརྒྱད་པའི་ནང་ཤོད་སྐོར་ཛ་ཐའི་ནས་རིམ་བཞི་དང་། སྲས་རྣམ་པ། རིམ་པ་ལྔ་བའི་ནང་མའི་ལས་ཚན་ཡན་ཁྱིམ་ཚང་གཉིས་རེ་ཟླ་བསྒྲིལ་རེས་འཁོར་གྱིས་དྲུང་སྤྱི་གླིང་ག་དང་ཕྱག་མཛོད་གླིང་ག འཕྲལ་བདེ་གླིང་ག་སོགས་ལ་གུར་བརྒྱབ་ནས་གཏོང་བ་ཞིག་ཡིན། དེ་ཡང་ཐོག་མར་བོད་ས་སྤྲེལ་སྤྱི་ལོ་1848ལོར་ནོར་གླིང་དབུ་གཡབ་གསར་བཞེངས་གནང་བའི་ཕྱི་ལོ་ནས་གཟིམ་ཆུང་ཆབ་ཞུགས་དང་འབྲེལ་ནོར་གླིང་ཆོས་རའི་སྡིངས་ཆའི་ཐོག་ཏུ་གར་དང་ལྷ་མོ་འཁྲབ་མགོ་ཚུགས་པར་བརྟེན། དུས་དེ་ནས་བཟུང་དཔེ་སྲོལ་བཟང་བོ་ཞིག་ཏུ་བསམས་ནས་ལོ་རེ་བཞིན་རྒྱུན་འཁྱོངས་བྱས་ཏེ། ལོ་རེའི་ཟླ་བརྒྱད་པར་ཐོན་དུས་ཆབ་ཞུགས་དང་ནོར་གླིང་ཞོ་སྟོན་གཏོང་སྲོལ་དར་བྱུང་། འདིར་བརྗོད་པའི་ཆབ་ཞུགས་ནི་དགོན་སྡེ་ཁག་གི་དབྱར་གནས་གྲོལ་རྗེས་ཀྱི་དགའ་སྟོན་སྤྲོ་གསེར་བྱེད་པ་ལ་ཟེར། དེ་ནས་རིམ་བཞིན་བཀའ་ཤག་དང་ཡིག་ཚང་རྩེ་ཤོད་དྲུང་སྤྱི་དབྱར་སྐྱིད་དང་ལས་ཁུངས་ཁག་གི་སྤྲོ་སྐྱིད་གཏོང་སྲོལ་རྣམས་རྒྱ་ཁྱབ་ཏུ་དར་མགོ་ཚུགས་པ་རེད།
       ས་སྟག་སྟེ་སྤྱི་ལོ་1878ལོར་ཆབ་རྫིང་གླིང་གར་ཤོད་སྐོར་སྤྱི་ནས་འགྲོ་གྲོན་བཏང་སྟེ་སྤྲོ་ཁང་གསར་བ་བརྒྱབ་རྗེས་དེ་ལ་དྲུང་སྤྱི་གླིང་ག་ཞེས་གཅིག་གྱུར་གྱི་མིང་གཏན་ཁེལ་བྱས་པ་དང་། ལོ་ལྟར་དྲུང་སྤྱི་གླིང་ག་རུ་དབྱར་ཁའི་སྤྲོ་སྐྱིད་གཏོང་བའི་སྐབས་སུ། སྐྲོ་སྐྱིད་སྤྱི་མི་གཉིས་ཀྱི་རོགས་ཟླར་གཡོག་འཁོར་འགའ་དང་སྤྱི་ཁྱབ་ལས་བྱེད་པ་དུ་མ་སྦྲན་ཏེ། སྤྲོ་སྐྱིད་གསོལ་སྟོན་གྱི་དགོས་མཁོའི་རིགས་སྔ་ས་ནས་གྲ་སྒྲིག་བྱེད་པ་དང་། དངོས་གཞི་གཏན་ཁེལ་བྱས་པ་ན། སྤྱི་པ་གཉིས་ཀྱིས་རང་རང་གི་གོ་ཐོབ་ལས་གོས་གཟབ་མཆོར་སྤྲས་ཏེ་རྩིས་ཁང་དུ་རྩིས་དཔོན་རྣམ་པ་བཞི་དང་ཡིག་ཚགས་རྩིས་ཕྲུག་ངོ་གཡོག་བཅས་གདན་འདྲེན་ཞུ་བར་བསྐྱོད་ཅིང་། སྤྲོ་སྐྱིད་ཁང་སྟེང་ནས་ལྷ་བསང་གཏོང་བ་དང་བཀྲ་ཤིས་ཁྲ་རིང་དཔྱང་བ། གཡུང་དྲུང་རི་མོའི་དཀར་ཐིག་འབྲི་བ་སོགས་བྱས་ཏེ། གཞུང་ཞབས་ཀྱི་སྤྱི་ཁྱབ་ལས་བྱེད་པ་ཆེ་འབྲིང་ཆུང་གསུམ་དང་རྒྱན་བཟང་མ་གཉིས། འཁྲུང་གཡོག་གཉིས་བཅས་གོ་རིམ་བཞིན་ཕེབས་བསུར་གཅར་བ་ཡིན། དེ་ནས་རྩིས་དཔོན་རྣམ་པ་ཆིབས་བཤོལ་མཚམས་གྲ་སྒྲིག་ལེགས་པར་ཟིན་པའི་ཚོགས་ཁང་ཆེན་མོར་ཕེབས་ཏེ་རྩིས་དཔོན་རྣམ་པ་དང་རྩིས་པ། ཡིག་ཚགས་བཅས་བཞུགས་གྲལ་དུ་འཁོད་འཕྲལ་གསོལ་ཇ་དང་བཞེས་འབྲས། མར་ཟན། ཞིམ་ཐུད་ལ་སོགས་བོད་ཟས་སྣ་ཚོགས་བཏེགས་འབུལ་ཞུས་ནས། དཔོན་གཡོག་སྐུ་འཁོར་ཐམས་ཅད་ཐུགས་དགྱེས་པར་བྱེད། ཉིན་གུང་དང་དགོང་དྲོ་ཡང་བབ་མཚུངས་ཀྱི་སྟོན་མོ་བཤམས། དེ་ལྟར་ཉིན་འགའི་རིང་ལ་བཀའ་ཤག་མགྲོན་དྲུང་དང་རྩེ་སྐོར་ནང་མ་མཁན་སྡེ་ཆེ་ཆུང་སོགས་ཀྱང་སྐུ་མགྲོན་ལ་ཕེབས་ནས་མཉམ་དུ་གསོལ་ཇ་མཆོད་ཆང་། མཉེས་ཟས་བཞེས་སྤྲོ་བཅས་རང་རང་གང་མོས་གསོལ་ཏེ་དགའ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། ནང་གཞས་འབུལ་མཁན་དང་གར་རོལ་གཟུགས་བཟང་མ་དག་གིས་སྒྲ་སྙན་དང་། གླིང་བུ་ལ་སོགས་པའི་རོལ་ཆས་དཀྲོལ་བའི་དབྱངས་སྙན་དང་བསྡོངས་ནས། ནང་གཞས་སྣ་མང་དང་རྐྱང་གཏོང་གླུ་གར་སོགས་འཁྲབ་སྟོན་བྱེད། སྤྲོ་སྐྱིད་མཇུག་བསྒྲིལ་ལ་ཉེ་སྐབས། རྩིས་དཔོན་རྣམ་པ་བཞི་དང་ཛ་ཐའི། རིམ་བཞི་བཅས་ཀྱིས་སྤྲོ་སྐྱིད་སྤྱི་པ་གཉིས་ལ་སྐུ་ཚེགས་མྱངས་པའི་གཏང་རག་ཏུ་མཇལ་དར་ནང་མཛོད་རེ་དང་། དེ་བྱིངས་སྤྱི་ཁྱབ་ལས་བྱེད་པ། རྒྱན་བཟང་མ་བཅས་ལ་གོ་རིམ་བཞིན་མཇལ་དར་བསྒྲོན་ཟིན་པ་དང་བསྟུན། རྡོ་གཅལ་ནད་བསང་རྩི་ཕྱེ་མར་ཆང་ཕུད་བཅས་གྲ་སྒྲིག་ཡོད་སར་ཕེབས་ཏེ་རྩེ་ཕོ་བྲང་ལ་ཞལ་ཕྱོགས་བཞིན་རྩམ་ཕྱེ་སྤར་མོས་གཏོར་ཞོར་སྐད་གསེང་མཐོན་པོས་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་པོ་ཞེས་ལྷ་རྒྱལ་དབྱར་རྔ་ལྡིར་བ་ལྟར་འཐེན་ཏེ།
     དེར་ཡོད་ཚང་མས་ཕྱེ་མར་དང་ཆང་ཕུད་གཏོར་བའི་འདུ་འཛི་ཡོ་ལང་དང་མཉམ་དུ། ཕུན་སུམ་ཚོགས་པའི་ངང་དྲུང་སྤྱི་དབྱར་སྐྱིད་ཀྱི་མཇུག་བསྡུ་བ་ཡིན། དེའི་སྐབས་སུ་སྤྱི་པ་ཁ་མགོ་གཉིས་ལ་དྲུང་སྤྱིའི་སྤྲོ་སྐྱིད་ཀྱི་མཐུན་རྐྱེན་ལྟ་བུར་ལོ་ལྟར་མར་ཁལ་ཉིས་བརྒྱ་ཙམ་བསྡུ་སྲོལ་ཡོད་པ་དང་། དྲུང་སྤྱི་སྤྲོ་སྐྱིད་གྲོལ་བའི་ཕྱི་ཉིན་དེར་སྡུག་སྤོའི་ཚུལ་དུ་སྤྱི་པ་གཉིས་དང་ལས་བྱེད་པ་བཅས་ནང་འཁོར་རྣམས་ཀྱིས་ཁ་གསབ་ལྟ་བུའི་སྤྲོ་སྐྱིད་གནང་སྲོལ་ཡང་ཡོད།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།