中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། སྣ་ཚོགས་ཡི་གེའི་གཟུགས་ཀྱི་མཛེས་སྡུག་ཆ།། རྗེས་འཛིན་སློབ་བུའི་ཚོགས་ལ་སྤེལ་འདི་རྨད།།
དུས་ཚོད།2017-06-02 13:35:36     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
--- གཞོན་སྐྱེས་སྨྱུག་འཛིན་མཁན་བསོད་ནམས་ཚེ་རིང་མཚམས་སྦྱོར་མདོར་བསྡུས།  
   
     བསོད་ནམས་ཚེ་རིང་ནི་བསང་ཆུ་རྫོང་ཁོ་ཚེ་ཤང་ཁོ་ཚེ་ལྷ་སྡེ་རུ༡༩༧༠ལོའི་ཟླ༥བའི་ཚེས༢༠ཉིན་ངུ་ངག་གི་དབྱངས་རྟ་ཐོག་མ་གྱེར་ལ། ཆུང་བྱིས་པའི་དུས་སུ་ཁོ་ཚེ་སློབ་ཆུང་ནས་ཡི་གེ་འབྲི་ཀློག་ཐོག་མར་སྦྱངས། སློབ་ཆུང་ལོ་རིམ་གསུམ་པ་ནས་བཟུང་ཁོང་གི་ཞང་བོ་འཇམ་དབྱངས་ཤེས་རབ་ཀྱི་མདུན་ནས་བོད་ཡིག་གི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་འབྲི་སྲོལ་ཐོག་མར་བསླབ་པ་རེད།
    ༡༩༨༤ལོར་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དམའ་འབྲིང་དང་མཐོ་འབྲིང་གི་དུས་རིམ་བརྒྱུད་ནས་དཀའ་ཚེགས་དང་འབད་བརྩོན་གྱིས་སློབ་གཉེར་བྱས་ཤིང་། དེའི་ཞོར་དུ་ལོ་ལྔ་དང་ཕྱེད་ཀྱི་རིང་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་དྲུང་ཡིག་ཆེན་མོ་དགེ་བའི་བཤེས་གཉེན་རྗེ་ངག་དབང་རྒྱ་མཚོའི་དྲུང་ནས་དབུ་ཅན་དབུ་མེད་ཀྱི་འབྲི་སྟངས་ལ་རིམ་པས་སྦྱངས་པའི་སྐལ་བ་བཟང་བོ་ཐོབ།

 
    ༡༩༩༠ལོར་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭར་ཞུགས་ནས་སློབ་ཆེན་གྱི་ལས་ལ་ཞུགས། སློབ་ཆེན་གྱི་དུས་སུ་ཆེད་ལས་ལ་འབད་བརྩོན་བྱེད་པའི་དུས་མཚུངས་སུ་རྒན་སངས་རྒྱས་བཀྲ་ཤིས་སོགས་ཀྱི་མདུན་ནས་ལོ་ངོ་བཞི་ལྷག་ལ་ཡིག་གཟུགས་ཁྲིད་སྦྱོང་ལ་ཧུར་བརྩོན་བྱས་པ་དང་ལས་བྱ་དུས་ལྟར་སྤྲད་པས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་གི་ཐད་ལ་གྲུབ་འབྲས་མི་དམན་པ་ཐོབ།  ༡༩༩༣ལོར་སློབ་ཆེན་ནས་མཐར་ཕྱིན་རྗེས་ཀན་ལྷོ་གཙོས་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་གནས་བགོས། དམའ་འབྲིང་དང་མཐོ་འབྲིང་ལ་སྐད་ཡིག་གི་སློབ་ཁྲིད་བྱེད་ཞོར་དུ་ནམ་ཁོམ་གྱི་དུས་འདྲ་མོ་བེད་སྤྱད་དེ་ཡིག་གཟུགས་སློབ་ཁྲིད་རབ་དང་རིམ་པ་མང་བོ་བྱེད་བཞིན་ད་ལྟའི་བར་མི་རིགས་སློབ་གསོའི་ལས་དོན་ལ་རང་གི་ཡོད་ཚད་འབུལ་ཞོར་བོད་ཀྱི་ཡིག་གཟུགས་རྒྱུད་འཛིན་དང་དར་སྤེལ་ལ་འབད་བཞིན་ཡོད།    ལོ་འདི་འགའི་རིང་ལ་ཡིག་གཟུགས་འགྲན་བསྡུར་ཁྲོད་རྒྱལ་ཁབ་རིམ་པའི་བྱ་དགའ་གཉིས་དང་ཞིང་ཆེན་རིམ་པའི་བྱ་དགའ་གསུམ་དང་ཁུལ་རིམ་པའི་བྱ་དགའ་བཅུ་ལྷག་བཅས་ཐོབ་ཡོད་ལ། ད་ལྟ་ཀན་སུའུ་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་དང་ཚོགས་མི། དཔྱད་བརྗོད་པ་བཅས་ཀྱི་འགན་ཁུར་ཡོད་པ་དང་།  སྐད་ཡིག་གི་དགེ་རྒན་ཆེན་མོ་བ་གཞོན་པའི་ལས་ཐོབ་ཡོད་ཅིང་དཔྱད་རྩོམ་དང་ཡིག་གཟུགས་བརྩམས་ཆོས་མང་བོ《ཀན་ལྷོའི་སློབ་གསོདང《ཀྲུང་ཧྭ་མི་རིགས་འཆམ་མཐུན་བུམ་པའི་ཡིག་གཟུགས་འགྲན་བསྡུར་གྱི་བརྩམས་ཆོས་གཅེས་བསྡུསསོགས་སུ་སྤེལ་ཡོད།《ཡིག་གཟུགས་དང་མི་གཤིསཞེས་པ་མཚོ་སྔོན་གླེང་སྟེགས་སོགས་སུ་བརྙན་སྒྲོག་བྱས། རྗེས་ཕྱོགས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ལ་མུ་མཐུད་དུ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ། མེས་པོའི་ཤུལ་བཞག་རིག་གནས་རྩ་ཆེན་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་ལས་སུ་རང་ཉིད་ཀྱི་ཡོད་ཚད་ཕུལ་ནས།  མི་རབས་རྗེས་མར་དཔེ་སྟོན་དང་འཇིག་རྟེན་ལ་ཡོང་བའི་ཟས་རིན་ཙམ་འབུལ་བའི་དམ་བཅའ་བརྟན་པོ་སྙིང་ལ་བཅངས་ཡོད་དོ།།





Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།