中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མིའི་ཡིག་གཟུགས་བརྩམས་ཆོས་འདེམས་བཀོད།
དུས་ཚོད།2017-06-07 16:13:28     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   
      ད་ལོའི་ཟླ ༧པའི་ཚེས ༣༠ཉིན་ལ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དངོས་སུ་དབུ་བརྙེས་ཤིང་། ཚོགས་ཆེན་ནས་ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་སོགས་འདེམ་བསྐོ་བྱས་ཤིང་། ཚོགས་ཆེན་གྱིས་བསེ་ཚང་བློ་བཟང་དཔལ་ལྡན་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས་ཤིང་། དགེ་རྒན་ཆེན་མོ་རྡོ་ཕྲུག་དང་སྒོམ་པ་བཀྲ་ཤིས། ལྷ་རྒྱལ་ཚེ་རིང་། གུ་དྲག དཀོན་ལོ་སོགས་མི༩མཐུན་ཚོགས་ཀྱི་བློ་འདྲི་སར་གདན་ཞུ་བྱས། ཀན་སུའུ་མི་རིགས་དགེ་འོས་ཆེད་གཉེར་སློབ་གླིང་མཛེས་རྩལ་ཚན་ཁག་གི་སྤྱི་ཁྱབ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའམ་བོད་ཀྱི་ཡིག་མཁན་སངས་རྒྱས་བཀྲ་ཤིས་ཀན་ལྷོ་ཁུལ་སྐབས་དང་པོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས།

    ཚོགས་ཆེན་སྐབས་སུ་ཀན་ལྷོ་གཡང་ལྡན་ཕྱུག་མོ་ཞེས་པའི་ཁུལ་ཡོངས་ཀྱི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་སྐབས་དང་པོ་གཟབ་རྒྱས་ངང་སྒོ་ཕྱེ་ཞིང་། ཁུལ་རིག་དངོས་ཚོམས་ཆེན་གྱི་འགྲེམ་ཁུལ་དུ་ཀན་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་དུ་རང་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་མཁན༧༩ཡིས་བྲིས་པའི་ཡིག་གཟུགས་བརྩམས་ཆོས༨༠ལྷག་བཀྲམ།
    རང་ཁུལ་གྱི་བོད་ཀྱི་ཡིག་གཟུགས་ཀྱི་ལས་དོན་གོང་འཕེལ་གཏོང་བར་སྔར་ལས་ལྷག་པར་ ཞབས་ཞུ་གང་ལེགས་སྒྲུབ་པ་དང་། རང་ཁུལ་གྱི་བོད་ཀྱི་ཡིག་མཁན་རྣམས་ཀྱི་ཡིག་གཟུགས་བརྩམས་ཆོས་བོད་ཁུལ་ལམ་རྒྱལ་ཡོངས་སུ་དྲིལ་བསྒྲགས་བྱེད་པའི་འགྲེམ་སྟེགས་སུ་མངོན་ཆེད། ངེད་ཚགས་པར་གྱིས་ད་ནས་བཟུང་རང་ཁུལ་གྱི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་འདེམས་བཀོད་ཀྱི་ཆེད་སྒྲིག་པར་ངོས་བཀོད་སྒྲིག་བྱས་ཡོད་པས། རྒྱ་ཆེའི་བོད་ཀྱི་ཡིག་གཟུགས་ལ་དུངས་པ་ཡོད་མཁན་རྣམས་ལས་འདིར་སྤྲོ་བས་འཇུག་ཅིང་། མིག་གི་དཔྱིད་དུ་སྨིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་ཚང་མའི་མཐོང་དགའ་ཐོས་སྤྲོའི་སྤྱོད་ཡུལ་དུ་འགྱུར་བར་སྨོན་ནོ།།













 
                     ཞེས་ཀན་ལྷོའི་གསར་འགྱུར་བོད་ཡིག་རྩོམ་སྒྲིག་ཁང་ནས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།