中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། ཀན་ལྷོའི་བྲིས་པ་སྐལ་བཟང་དོན་གྲུབ་ཀྱི་གནས་ཚུལ་རགས་བཀོད།
དུས་ཚོད།2017-06-23 15:06:53     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
  སྐལ་བཟང་དོན་གྲུབ་ནི་ཀླུ་ཆུ་རྫོང་བླ་རི་མགུལ་ཡུལ་ཚོའི་རྫས་ཚ་འབྲོག་སྡེ་རུ༡༩༧༥ལོའི་ཟླ༢པའི་ཚེས༦ཉིན་མི་ཡུལ་འདིར་ཚེ་སྲོག་གི་ངུ་སྐད་ཐོག་མ་གྱེར་ལ། ཕ་མའི་སྐུ་དྲིན་གྱིས་སྦྲ་གུར་སློབ་གྲྭ་འགྲིམས་པའི་སྐལ་བ་ལྡན་ཞིང་དགེ་རྒན་རྣམ་པའི་བཀའ་དྲིན་གྱིས་ཡི་གེ་འབྲི་ཀློག་ཐོག་མར་སྦྱོང་བའི་ཉི་མ་ཤར། རིམ་བཞིན་ཀླུ་ཆུའི་བོད་རིགས་སློབ་འབྲིང་ནས་རྒན་རྒྱ་ནག་པ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ་སོགས་གཙོ་བྱས་པའི་སློབ་དཔོན་རྣམ་པའི་ཐུགས་རྗེ་འོད་སྣང་ལ་བསྟེན་ཏེ་དམའ་འབྲིང་དང་མཐོ་འབྲིང་སློབ་མཐར་ཕྱིན། དུས་དེར་རང་གི་དགའ་ཕྱོགས་ཡིག་གཟུགས་ལ་རང་སྦྱོང་ཕྲན་བུ་ཙམ་གྱི་བག་ཆགས་བཞག་མྱོང་། 
  ༡༩༩༣ལོར་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭར་ཞུགས་ནས་སློབ་ཆེན་གྱི་ལས་ལ་འབད། སྐལ་བ་བཟང་པོ་ཞིག་ལ་བོད་ཀྱི་ཡིག་མཁན་རྒན་སངས་རྒྱས་བཀྲ་ཤིས་སོགས་ཀྱི་མདུན་ནས་ལོ་ངོ་གསུམ་ལྷག་ལ་སློབ་སྦྱོང་གི་ཞོར་དུ་ཡིག་གཟུགས་ཁྲིད་སྦྱོང་ལ་འབད་འགོ་བརྩམས།
  ༡༩༩༦ལོར་བྱ་བར་ཟབ་ཞུགས་བྱས་ནས་ད་བར་དུ་བྱ་བའི་ཞོར་དུ་ཡིག་གཟུགས་ལ་རང་སྦྱོང་བྱས་ཤིང་དྲ་ཐོག་ནས་ཡིག་གཟུགས་དགེ་རྒན་གང་མང་ལ་བསྟེན་ནས་རང་གི་བྲིས་ཀྱི་ཆུ་ཚད་སྔར་བས་ཇེ་མཐོར་སོང་། བར་སྐབས་ཡིག་གཟུགས་བརྩམས་ཆོས་མི་ཉུང་བ་ཞིག《སྦྲང་ཆར》དང་། “ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་ཚིགས།”ཀན་ལྷོའི་ཚགས་པར། ཨ་མྱེས་རྨ་ཆེན་གྱི་འཕྲིན་སྟེགས། ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས་སོགས་སུ་བཀོད་ཡོད།
  ཡང་བོད་ཀྱི་ཡིག་གཟུགས་འཕེལ་རྒྱས་ལ་དམིགས་ཏེ། དེང་རབས་དྲ་བ་བེད་སྤྱད་ནས་སྐད་འཕྲིན་གྱི་ཚོམས་ལས་བོད་ཀྱི་ཆེས་ཐོག་མའི་ཡིག་གཟུགས་ཀྱི་གླེང་ཚོམས་ཐོན་མིའི་མཛུབ་རིས་ཞེས་པ་ཞིག་བཙུགས་པ་མ་ཟད། གངས་ལྗོངས་སྐྱེས་མའི་ཡིག་གཟུགས་ཆེད་སྒྲིག་ཞེས་པའི་ལེ་ཚན་ཐོག་མར་སྤེལ་ཏེ། བོད་མདོ་དབུས་ཁམས་གསུམ་ལ་བྲིས་ཀྱི་བསྟན་པ་རྒྱས་པར་སྲི་ཞུ་ཅུང་ཙམ་རེ་སྒྲུབ་ཡོད་པ་མ་ཟད། བྲིས་རྒྱུན་རྣལ་མའི་ཡིག་གཟུགས་ཀྱི་ཆེད་བསྒྲིགས་གང་མང་སྤེལ། ད་ལྟ་ཁོ་བོས་ཀན་ལྷོའི་ཡིག་གཟུགས་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པའི་འགན་ཁུར་བཞིན་ཡོད།
  ཡིག་གཟུགས་ནི་རིག་གནས་ཀྱི་སྲོག་ཏུ་ལྟ་དགོས་ཞེས་པའི་གསུང་དུམ་སེམས་ལ་བཟུང་སྟེ། མུ་མཐུད་དུ་རང་གི་བྲིས་གཟུགས་ཡར་རྒྱས་སྣ་མང་ཅན་ལ་ཁ་ཕྱོགས་ཏེ་མེས་པོའི་ཕྱག་བྲིས་གསེར་གྱི་ཨོཾ་ཡིག་སེམས་ཀྱིས་གཅེས་ཤིང་མིག་གིས་འཚོ་བའི་དམ་བཅའ་ཡོད།།
 








Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།