中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། ཀན་ལྷོའི་བྲིས་པ་དགེ་ལེགས་རྒྱ་མཚོའི་ཡིག་གཟུགས་བདམས་བཀོད།
དུས་ཚོད།2017-07-12 09:38:40     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
  སྨྱུག་ཐོགས་པ་དགེ་ལེགས་རྒྱ་མཚོ་ནི། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གཙོས་མ་སྒང་བྲེས་པ་ཁའི་སྡེ་བར༡༩༨༥ལོར་སྐྱེས། རང་ལོ་བཅུ་གསུམ་གྱི་བར་ཕ་མར་ཞབས་ཞུ་དང་ལས་ཀ་ཅི་ནུས་བསྒྲུབས། ལོ་བཅུ་བཞིའི་སྟེང་མ་ཧཱ་པཎ་ཊི་ཏ་ཆེན་མོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧རྗེ་བློ་གསལ་རྒྱ་མཚོ་མཆོག་གི་མདུན་ནས་རབ་ཏུ་བྱུང་སྟེ་བཤད་སྒྲུབ་བསྟན་པའི་འབྱུང་གནས་གཙོས་དགའ་ལྡན་ཆོས་གླིང་གི་ཆོས་སྒོར་ཞུགས། འཇམ་དབྱངས་བློ་གྲོས་ཚང་ཀློག་གི་སློབ་དཔོན་དུ་བསྟེན་ནས་འཕྲལ་སྦྱོར་ཀློག་དང་འདོན་རྟ་དབྱངས་སོགས་ལ་སྦྱོང་བ་མཛད། ཁྱད་པར་གོང་སྨོས་དགེ་བའི་བཤེས་གཉེན་མཆོག་དང་། ཨ་ཁུ་བསྟན་འཛིན་ཚང་སོགས་བཤེས་གཉེན་དུ་མའི་སྤྱན་སྔར་མདོ་སྔགས་རིག་གནས་དང་། ཁྱད་པར་ཡི་དམ་ལྷའི་དཀྱིལ་འཁོར་ཐིག་རྩ་ལྟོ་འཕྱེའི་ཐིག་འདེབས་སོགས་ལ་སྦྱོང་བ་མི་དམན་པ་བྱས་ཏེ། ཞོར་དུ་ཀན་ལྷོ་དགེ་འོས་སློབ་གྲྭའི་དགེ་རྒན་སངས་རྒྱས་བཀྲ་ཤིས་ཀྱི་མདུན་ནས་ལཉྫ་དང་དབུ་ཅན་དབུ་མེད་སོགས་ཡིག་གཟུགས་སྣ་ཚོགས་ལ་སྦྱོང་བ་མཐར་ཕྱིན་མཛད། ད་ལྟ་གཙོས་དགའ་ལྡན་ཆོས་གླིང་ན་གྲྭ་ཆུང་རྣམས་ལ་ཡིག་གཟུགས་སྣ་ཚོགས་དང་དཀྱིལ་འཁོར་ཐིག་རྩ་སོགས་ཁྲིད་བཞིན་པར་མཆིས་སོ།།









 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།