中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ།
དུས་ཚོད།2016-02-23 10:37:32     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ནི་དགོན་པའི་གྲྭ་བཙུན་རྣམས་ཀྱིས་འབྲི་མར་སེར་པོ་ལ་བརྟེན་ནས་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་སྐུ་བརྙན་བཞེངས་པའི་ཐུན་མོང་མ་ཡིན་པའི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་པ་དང་།  སྐུ་འབུམ་དགོན་གྱི་ཁྱད་ནོར་གསུམ་ཏེ་མེ་ཏོག་མཆོད་མཇལ་དང་།  ལྡེབས་རིས།  གཙགས་དྲུབ་ཐང་ག་བཅས་ཀྱི་སྙན་གྲགས་ཡུལ་གྲུ་ཀུན་ལ་ཁྱབ་ཡོད།

ལོ་རེའི་རྒྱ་ལོའི་སྨོན་ལམ་ཆེན་མོའི་སྐབས་སུ།  དགོན་པའི་ནང་ཆེད་དུ་མཆོད་མར་གྱི་མེ་ཏོག་བཞེངས་བའི་སྡེ་ཁག་སྟེ་མཆོད་རྒྱན་གླིང་གོང་མ་དང་ཞོལ་མ་གཉིས་རྩ་འཛུགས་བྱེད་ཅིང་གླིང་དེ་གཉིས་ཕན་ཚུན་འགྲན་རྩོད་སྒོས་མཆོད་མར་མེ་ཏོག་གི་བཟོ་རྩལ་སྔར་ལས་ཇེ་ལེགས་སུ་གཏོང་བཞིན་ཡོད་པ་དང་། འདི་ནི་རྒྱ་ལོའི་སྨོན་ལམ་ཆེན་མོར་མཆོད་འཇལ་བྱེད་པའི་སྐུ་འབུམ་དགོན་གྱི་ཆོས་ལུགས་ཆོ་ག་གཙོ་བོ་ཞིག་ཡིན། དེ་ཡང་མཆོད་མར་མེ་ཏོག་གི་ཇུས་འགོད་དང་བཟོ་སྐྲུན་སོགས་ནི་གནའ་ནས་བཟུང་དགེ་རྒན་ནས་སློབ་མར་བརྒྱུད་སྤྲོད་གནང་བའི་སྲོལ་བཟུང་ཡོད་པ་རེད།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།