中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། ཀན་ལྷོའི་བྲིས་པ་སངས་རྒྱས་བཀྲ་ཤིས་དང་ཁོའི་ཡིག་གཟུགས།
དུས་ཚོད།2016-11-02 18:39:00     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
བོད་ཀྱི་བྲིས་གཟུགས་ཟླ་བའི་ཞལ་རས་ལ།། སྣ་ཚོགས་ཡི་གེའི་གཟུགས་ཀྱིས་མཛེས་པར་བརྒྱན། -- ཀན་ལྷོའི་བྲིས་པ་སངས་རྒྱས་བཀྲ་ཤིས་དང་ཁོའི་ཡིག་གཟུགས།
    སངས་རྒྱས་བཀྲ་ཤིས་ལགས་ནི་སྤྱི་ལོ༡༩༦༦ལོ་ལ་མདོ་སྨད་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་དུ་ཞིང་བའི་ཁྱིམ་ཚང་ཞིག་ནས་སྐྱེས། ༡༩༨༢ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་གྲྭར་རྒྱུགས་འཕྲོད་ནས་ལོ་གསུམ་གྱི་རིང་སློབ་གྲྭ་དེ་ཀ་ནས་སློབ་སྦྱོང་བྱས། དེའི་སྐབས་སུ་རང་མི་དམན་པའི་སྔོན་བསགས་བསོད་ནམས་ཀྱི་མཐུན་རྐྱེན་བཟང་བས་སྐྱབས་མགོན༧བསེ་ཚང་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དང་། དེ་སྔའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཆེན་མོ་གངས་ལྗོངས་སྨྱུག་འཛིན་དབང་བོ་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་བཅས་དམ་པ་དུ་མའི་བཀའ་དང་ལུང་གི་བདུད་རྩི་བསམ་གྱིས་མི་ཁྱབ་པ་མྱོང་ཐུབ་པའི་གོ་སྐབས་བྱུང་། དུས་དེ་ནས་བཟུང་རང་ཉིད་ཀྱི་མ་འོངས་པར་མི་རིགས་སློབ་གསོའི་བྱ་བ་བསྒྲུབ་རྒྱུའི་འདུན་པ་དང་རང་གི་དགའ་ཞེན་གྱི་ཁ་ཕྱོགས་གསལ་བར་བསྟན། སློབ་གྲྭ་དེ་ཀ་ནས་མཐར་ཕྱིན་རྗེས་བསང་ཆུ་རྫོང་ཁོ་ཚེ་ཞང་སློབ་ཆུང་དུ་དགེ་རྒན་གྱི་ལས་འགན་ལོ་གཉིས་ཙམ་གྱི་རིང་འཁུར། ༡༩༨༧ལོ་གཙོས་མི་རིགས་དགེ་འོས་མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་ནས་ལོ་གསུམ་ལ་སློབ་གྲྭ་དེ་རུ་སློབ་སྦྱོང་བྱས། དེའི་སྐབས་སུའང་གོང་གི་དམ་པ་རྣམ་གཉིས་དང་མཇལ་ཐུབ་པའི་སྐལ་བ་ལྡན། ལྷག་པར་དུ་རང་གི་དགའ་ཞེན་ལྟར་སྨྱུག་འཛིན་དབང་པོ་སྨོན་ལམ་རྒྱ་མཚོ་མཆོག་བླ་མར་གཙུག་ཏུ་བཀུར་ཏེ་བོད་ཀྱི་ཡིག་གཟུགས་འབྲི་ཐབས་ནན་ཏན་གྱིས་སྦྱངས་ཏེ། བླ་མའི་བཀའ་དྲིན་གྱིས་རང་ལ་སྦྱངས་འབྲས་མི་དམན་པ་ཐོབ།
སློབ་གྲྭ་འདི་ནས་མཐར་ཕྱིན་རྗེས་ཁུལ་ཐོག་ཏུ་སྲིད་ཀྱི་བྱ་བར་ལོ་གཉིས་ཙམ་ཞུགས། ༡༩༩༤ལོའི་ཟླ༡༠བར༧བསེ་ཚང་རིན་པོ་ཆེ་མཆོག་གི་བཀའ་ལྟར་རང་གི་ལས་གནས་ཁུལ་ཐོག་ནས་གཙོས་མི་རིགས་དགེ་འོས་མཐོ་རིམ་སློབ་གྲྭར་སྤོས། སློབ་གྲྭ་དེར་གཙོ་བོ་ཡིག་གཟུགས་དགེ་རྒན་གྱི་ལས་འགན་ཁུར་ནས་རང་ནུས་ཅི་ལྕོགས་ཀྱིས་སློབ་མ་བསྐྱངས། ༡༩༩༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་ལོ་གསུམ་རིང་སྦྱངས་པ་ནན་མོ་བྱས་ནས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་མཐར་ཕྱིར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་ལོག་ནས་ད་བར་མུ་མཐུད་དུ་དགེ་རྒན(དགེ་རྒན་ཆེན་མོ་བ་གཞོན་པའི་ལས་གནས་ཐོབ་ཐང་།)གྱི་ལས་འགན་འཁུར་ཏེ་སློབ་གྲྭ་དང་དགོན་སྡེ་ཁག་གི་སློབ་མ་མང་པོ་སྐྱོང་བཞིན་མཆིས།





Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།