中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། རྩོམ་པ་པོ་ལི་ཁྲིན།
དུས་ཚོད།2016-11-25 18:09:37     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། བཀྲ་ཤིས་ཚེ་རིང་།    ཆུང་། | འབྲིང་། | ཆེ།
   རྒྱ་རིགས་རྩོམ་པ་པོ་ལི་ཁྲིན་ནི1959ལོར་ཀན་ལྷོ་ཁུལ་ལིན་ཐན་རྫོང་གུར་ཆེན་ཤང་དུ་སྐྱེས། སློབ་གྲྭ་ཆུང་འབྲིང་དང་མཐོ་འབྲིང་སོགས་བརྒྱུད་དེ། 1989ལོར་ལན་གྲུ་དགེ་འོས་སློབ་གླིང་རྒྱ་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། སྔ་གཞུག་ཏུ་ཅོ་ནེ་སློབ་འབྲིང་གཉིས་པ་དང་ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་སོགས་སུ་དགེ་རྒན་གྱི་བྱ་བ་གཉེར། 1990ལོར་ཀན་ལྷོ་གསར་འགྱུར་ཁང་དུ་ལས་གནས་སྤོས་ཏེ་དུས་ཡུན་རིང་བོར་གསར་འགྱུར་རྩོམ་སྒྲིག་པ་དང་གསར་འགོད་པའི་བྱ་བ་གཉེར། 1993ལོར་ཀན་ལྷོ་ཁུལ་རྩ་འཛུགས་པུའུ་རུ་ལས་གནས་སྤོས། དེ་རྗེས་སླར་ཀན་ལྷོ་གསར་འགྱུར་ཁང་དུ་ཕྱིར་ལོག་སྟེ་གསར་འགྱུར་སྡེ་ཚན་དང་སྤྱི་ཚོགས་སྡེ་ཚན་གྱི་ཀྲུའུ་རེན་གྱི་འགན་ཁུར།
   2001ལོར་ལས་ཐོག་རྩོམ་སྒྲིག་པ་དང་མཐོ་རིམ་གཞོན་པའི་ལས་ཀའི་གོ་གནས་ཐོབ།
   2004ལོར་ཀན་ལྷོ་ཁུལ་དྲིལ་བསྒྲགས་པུའུ་རུ་ལས་གནས་སྤོས་ཏེ་གསར་འགྱུར་རིག་གནས་པར་སྐྲུན་ཁའོ་ཡི་ཁའོ་ཀྲང་གི་འགན་ཁུར། 2009ལོར་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོས། གསར་འགྱུར་བརྩམས་ཆོས་མང་བོ་བཏོན་པ་ལས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གསར་འགྱུར་བྱ་དགའ་མང་བོ་ཐོབ།《ཀན་ལྷོའི་གསར་འགྱུར》གྱི་རིག་རྩལ་ཆེད་སྒྲིག་ལེ་ཚན་དུ《རྩྭ་ཕྲན》གཙོ་སྒྲིག་བྱས་ཤིང་། ཀན་ལྷོའི་རྩོམ་པ་པོ་བསྐྱེད་སྲིང་བྱས་ཏེ་ཀན་ལྷོའི་རྩོམ་རིག་འཕེལ་རྒྱས་ལ་བྱས་རྗེས་བཞག ད་ལྟར་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་ལས་འགན་བསྐོས། རྒྱ་ཡིག་གི་བརྩམས་ཆོས་མང་བོ《རྩོམ་པ་པོའི་རྩོམ་བཏུས》དང《ཀློག་པ་པོ》《ལྷུག་རྩོམ་གཅེས་བསྡུས》《སློབ་འབྲིང་སློབ་མར་སེམས་འགུལ་ཐེབས་པའི་ལྷུག་རྩོམ200》སོགས་སུ་བཀོད་པའམ་མུ་འགོད་བྱས་ཡོད། ལྷུག་རྩོམ་ཕྱོགས་བསྒྲིགས《མཐོ་སྒང་ཕ་མཐར་གནས་པའི་ཀན་ལྷོ》དང《དག་ཞིང་གི་འགྲམ་ངོགས་སུ་བསྐྱོད་པ》སོགས་དང་། བརྩམས་སྒྲུང་ལ་སྒྲུང་འབྲིང་《མཚར་བའི་ཞང་མཆོག་གི་སྒོ་མོ་རྡུང་བ》དང་སྒྲུང་རིང《ཆེས་མཐའ་མའི་གཏེར་ཡིག》སོགས་ཡོད།
   2006ལོར་ཀན་སུའུ་སྐབས་དང་བོའི་རྨ་ཆུའི་རྩོམ་རིག་བྱ་དགའ་ཐོབ། 2009ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་འཁོར་དྲུག་ཅུའི་རིག་རྩལ་གྲུབ་འབྲས་བྱ་དགའ་ཐོབ། ལི་ཁྲིན་གྱིས་བྱ་བའི་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས། གཙོ་བོ་ལྷུག་རྩོམ་གྱི་ཕྱོགས་སུ་གཞོལ་བ་སྟེ། ལྷུག་རྩོམ《ཉི་འོད་ཀྱིས་གསལ་བའི་ཁོ་མོའི་བཞིན་རས》དང《ཆུ་བོ་བརྒྱ་དང་བརྒྱད་བརྒལ་བ》《ཨ་མྱེས་རྨ་ཆེན་བརྒྱུད་པ》《བྱེའུ་འགའ་རེ་ང་ཚོས་མཐོང་མི་ཐུབ》སོགས《མཁའ་བསྐྱོད》དུས་དེབ་དང་《ལྷུག་རྩོམ》དུས་དེབ་སོགས་རྒྱལ་ཁབ་རིམ་པའི་དུས་དེབ་ཏུ་བཀོད་པ་མ་ཟད། དེ་དག་ལས་ལྷུག་རྩོམ་འགའ་ཞིག་ལོ་འཁོར་རེའི་ལྷུག་རྩོམ་གཅེས་བཏུས་སུ་བདམས། གཞན་ཡང་བརྩམས་སྒྲུང་སྐོར་ལ། 2004ལོར་སྒྲུང་འབྲིང《གསེར་ཡུམ་ཐང་དུ་བསྐྱོད་པ》ཞེས་པ《མཁའ་བསྐྱོད》དུས་དེབ་ཏུ་བཀོད་ཅིང《ཀན་ལྷོའི་གསར་འགྱུར》དུ་མུ་འགོད་བྱས། 2005ལོར་སྒྲུང་འབྲིང《འཇིམ་པ་ལས་བཟོས་པའི་མི》ཞེས་པ《མཁའ་བསྐྱོད》དུས་དེབ་ཏུ་བཀོད། 2007ལོར་སྒྲུང་འབྲིང《རྒན་པོ་སྐྱབས་ཏེའི་སྤྲང་བོའི་བཞུད་ལམ》ཞེས་པ《ཀན་སུའུ་རྩོམ་རིག་དགའ་ཚལ》དུ་བཀོད། 2012ལོར་སྒྲུང་རིང《ཆེས་མཐའ་མའི་གཏེར་ཡིག》ཅེས་པ་ཡུན་ནན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2009ལོ་ནས་བཟུང"རང་སའི་རིག་གནས"ལ་ཁ་ཕྱོགས་ཏེ་ལིན་ཐན་གྱི་དམངས་སྲོལ་རིག་གནས་ཞིབ་འཇུག་དང་འཚོལ་སྒྲིག་བྱས་ཏེ། སྒྲུང་རིང"མཱ་སྲུ་མོ"ཞེས་པའི་དམངས་ཁྲོད་གཏམ་རྒྱུད་གཞིར་བཟུང་ནས་སྒྲུང་རིང《མཱ་སྲུ་མོ》བརྩམས།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།