中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། འཇུ་སྐལ་བཟང་།
དུས་ཚོད།2019-05-17 11:53:47     རྩོམ་གྱི་ཡོང་ཁུངས། ཡོངས་འཛིན་ལས།    ཆུང་། | འབྲིང་། | ཆེ།
ཁོང་ནི་སྤྱི་ལོ1960ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་སྐྱེས། སྤྱི་ལོ1987ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་རྩོམ་རིག་རབ་འབྱམས་པའི་དམ་བཅའ་བཞག ད་ལྟ་ཁོང་གིས་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་ཀྱི་གཙོ་འགན་པའི་འགན་ཁུར་ཞིང་། ལོ་ཙཱ་བ་ཆེན་མོའི་མིང་བཏགས་བླངས་ཡོད། ཁོང་ནི་བོད་ཀྱི་སྙན་ངག་པ་གྲགས་ཆེན་ཞིག་ཡིན་ཞིང་། སྙན་ངག་ཐད་ཀྱི་བརྩམས་ཆོས་མང་པོ་ཡོད་པ་ཡིན།
 
  ཁོང་ནི་སྤྱི་ལོ1960ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་སྐྱེས། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་སུ་མཚན་ལྡན་གྱི་སློབ་དཔོན་དུ་མ་བསྟེན་ནས་སློབ་གཉེར་བྱས་ཤིང་། སྤྱི་ལོ1987 ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་རབ་འབྱམས་པའི་དམ་བཅའ་བཞག  ད་ལྟ་ཁོང་གིས་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་ཀྱི་གཙོ་འགན་པའི་འགན་ཁུར་ཞིང་།  ལོ་ཙཱ་བ་ཆེན་མོའི་མིང་བཏགས་བླངས་ཡོད།  ཁོང་ནི་བོད་ཀྱི་སྙན་ངག་པ་གྲགས་ཆེན་ཞིག་ཡིན་ཞིང་།  སྙན་ངག་ཐད་ཀྱི་བརྩམས་ཆོས་མང་པོ་ཡོད་པ་ཡིན།
 
  ཁོང་གི་བརྩམས་ཆོས་ཁག་ཅིག་ཞིང་ཆེན་ཕྱི་ནང་གིས་པར་སྐྲུན་བྱས་པའི་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས་དཔེ་དེབ་དག་དང་སློབ་དེབ་སོགས་སུ་བསྡུས་ཡོད་ཅིང་།  བརྩམས་ཆོས་ཁག་ཅིག་ལ་ཞིང་ཆེན་ཕྱི་ནང་གི་བྱ་དགའ་ཐོབ་ཡོད།  སྤྱི་ལོ1991ལོར་ཁོང་ལ་ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ་ཐོབ།
 
  སྤྱི་ལོ1977ལོ་ནས་བཟུང་སྟེ་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་།  ད་བར་སྙན་རྩོམ་གཙོ་བྱས་པའི་རྩོམ་རིག་བརྩམས་ཆོས་དང་།  རྩོམ་རིག་སྐོར་གྱི་ཆེད་རྩོམ།  རྩོམ་རིག་སྒྱུར་རྩོམ་སོགས་གྲངས་བརྒྱ་ཕྲག་ལྷག་ཙམ་ཚགས་པར་དང་དུས་དེབ་སོགས་སུ་སྤེལ་ཡོད།  བོད་ཀྱི་སྙན་ངག་རིག་གཞུང་སྐོར་གྱི་ཆེད་རྩོམ་དཔེ་དེབ《སྙན་ངག་གི་རྣམ་བཤད》ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཅིང་།  སྙན་རྩོམ་གྱི་དཔེ་དེབ《གངས་འདབས་ཀྱི་སེམས་པ》ཡང་པར་དུ་བསྐྲུན་ཡོད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།