༄༅།། འབྲུག་ལྷ་རྒྱལ། - རིག་གནས་མི་སྣ - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། འབྲུག་ལྷ་རྒྱལ།
དུས་ཚོད།2021-03-29 15:09:30     རྩོམ་གྱི་ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ།    ཆུང་། | འབྲིང་། | ཆེ།
      སྤྱི་ལོ1986ལོར་སློབ་མཐར་ཕྱིན་རྗེས་ཐད་ཀར་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་བགོས་བྱས་ཏེ། ད་ལྟའི་བར་སྙན་སྒྲོན་པ་དང་མདོ་འཛིན་པ། ལོ་ཙཱ་བ། གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་གཅིག་ལྕོགས་སུ་གཉེར།
  ཁོང་ནི་སྤྱི་ལོ1964ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་སྐྱེས།  སྤྱི་ལོ1986ལོར་སློབ་མཐར་ཕྱིན་རྗེས་ཐད་ཀར་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་བགོས་བྱས་ཏེ། ད་ལྟའི་བར་སྙན་སྒྲོན་པ་དང་མདོ་འཛིན་པ། ལོ་ཙཱ་བ། གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་གཅིག་ལྕོགས་སུ་གཉེར།
  ལོ་བཅུ་གསུམ་སྟེང་སློབ་ཆུང་དུ་འགྲིམ་པ་ནས་བཟུང་། སྤྱི་ལོ1980ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་དེ་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་སྐལ་བ་བྱུང་། སྤྱི་ལོ1986ལོར་སློབ་མཐར་ཕྱིན་རྗེས་ཐད་ཀར་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་བགོས་བྱས་ཏེ། ད་ལྟའི་བར་སྙན་སྒྲོན་པ་དང་མདོ་འཛིན་པ། ལོ་ཙཱ་བ། གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་གཅིག་ལྕོགས་སུ་གཉེར། དུས་སྐབས་འདིའི་རིང་རང་ཉིད་ནས་སྙན་སྒྲོན་བྱས་པའི་བརྩམས་ཆོས་དང་བཅར་འདྲི་བྱས་པའི་བརྩམས་ཆོས། རྩོམ་སྒྲིག་བྱས་པའི་བརྩམས་ཆོས་སོགས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ་ནས་གསུམ་པའི་བར་བཅས་ཐེངས་ཉི་ཤུ་ལྷག་ལ་ཐོབ་མྱོང་བ་མ་ཟད། སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་གྱི “སྙན་སྒྲོན་པ་དང་མདོ་འཛིན་པ་ཕུལ་བྱུང་ཅན་བཅུའི” མཚན་སྙན་ཀྱང་ཐོབ་མྱོང་། ཁོ་རང་ཆུང་དུས་ནས་རྩོམ་རིག་ལ་དགའ་མོས་ཆེ་བའི་དབང་གིས་ལས་ཞོར་དུ《ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད 》དང《ལྷ་ས། ལྷ་ས། ལྷ་ས།》སོགས་སྙན་ངག་གཙོས་རྩོམ་རིག་བརྩམས་ཆོས་བརྒྱ་ཙམ་ཞིང་ཆེན་ཕྱི་ནང་གི་རྩོམ་རིགས་དུས་དེབ་སོགས་སུ་སྤེལ་མྱོང་བ་དང་། ལ་ཤས་ཤིག་རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》སོགས་སུ་བཀོད་མྱོང་པ་དང་། རྒྱལ་ཡོངས་སྐབས་དང་པོའི “གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི” གཟེངས་ཐོན་བྱ་དགའ་ཡང་རེག་མྱོང་། དེ་མིན《སེམས་ཀྱི་ལོག་ཕེབས》དང《ང་ཡི་ཁྲི་ཤོར་རྒྱལ་མོ》སོགས་གླུ་ཚིག་བརྒྱ་ལྷག་བྲིས་པ་བོད་ཀྱི་གླུ་བ་གླུ་མ་དག་ནས་བླངས་ཏེ་བོད་ཁམས་ཡོངས་སུ་དར་ཁྱབ་ཆེ་བར་འདུག་སྐད།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།