中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།།ཀན་སུའུ་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་སངས་རྒྱས་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད། རིན་དགའ་ཡིས་བསྒྱུར།
དུས་ཚོད།2022-02-18 14:41:08     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རིན་དགའ་ཡིས་བསྒྱུར།    ཆུང་། | འབྲིང་། | ཆེ།

གསོ་བྱེད་གཞུང་དང་ལག་ལེན་ཚུལ་བཞིན་སྐྱོང་།། ཀུན་སྤྱོད་བཟང་བོས་བྱ་བའི་གནད་ཀུན་འདྲིལ།།
--ཀན་སུའུ་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་སངས་རྒྱས་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད། 

    ཀན་སུའུ་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་རབ་འབྱམས་པའི་སློབ་དཔོན་སྨན་པ་སངས་ལོའམ་སངས་རྒྱས་དོན་གྲུབ་ལགས་ནི་བསང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྫོང་བོད་སྨན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཡོན་ཀྲང་ཡིན་པ་དང་། ཁོས་ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་བོད་ལུགས་གསོ་རིག་དང་བོད་སྨན་ཡན་ལག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད། ཁོང་ཉིད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བྱ་བར་ཞུགས་ནས་ལོ ༤༠ཙམ་སོང་ཡོད་ལ། བོད་ལུགས་གསོ་རིག་དང་བོད་སྨན་འཚར་ལོངས་དང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་བདེན་དཔང་བྱེད་མཁན་ཞིག་ཀྱང་ཡིན།
    ༡༩༨༢ལོའི་ཟླ ༨པར། ཁོང་ཀན་ལྷོའི་འཕྲོད་བསྟེན་སློབ་གྲྭའི་བོད་ལུགས་གསོ་རིག་འཛིན་གྲྭ་སྐབས་དང་བོ་ནས་སློབ་མཐར་ཕྱིན་ཞིང་། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སློབ་གསོའི་ཚོད་ལྟའི་རང་བཞིན་རྒྱལ་ཁབ་ཀྱི་ཚད་ལྡན་སློབ་གསོའི་མ་ལག་ནང་བཅུག་པའི་སློབ་མ་ཁག་དང་པོ་ཡིན། སློབ་མཐར་ཕྱིན་རྗེས་བསང་ཆུ་རྫོང་བོད་སྨན་ཁང་དུ་ལས་བགོས་བྱས་ཤིང་། ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་སྐད་གྲགས་ཕྱོགས་བཞིར་ཁྱབ་པའི་བོད་ལུགས་གསོ་རིག་མཁས་དབང་བསྟན་པ་རྒྱ་མཚོ་དགེ་རྒན་དུ་བསྟེན། དེའི་རིང་ལ་ནུབ་བྱང་མི་རིགས་སློབ་གླིང་གི་སྨན་བཅོས་ཚན་ཁག་ཏུ་དེང་རབས་གསོ་རིག་སློབ་གསོ་ཆ་ཚང་ཞིག་སློབ་སྦྱོང་བྱེད་པའི་བསྐལ་བ་ཐོབ། ཁོང་ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་དང་ནད་ཐོག་སྨན་བཅོས། སྦྱོར་བཟོ་སོགས་ཕྱོགས་གང་ཅིའི་ཐད་དུ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་མ་ཟད། དེང་རབས་གསོ་རིག་དང་དེ་བཞིན་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞན་དག་ལའང་ཡོན་ཚད་ངེས་ཅན་ལྡན། ཁོང་ལས་གནས་སུ་ཞུགས་པ་ནས་བཟུང་། རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་གི་དཔྱད་རྩོམ་བྲིས་ནསཀྲུང་གོའི་བོད་རིག་པདང བོད་ལྗོངས་ཞིབ་འཇུགསོགས་ཞིང་ཆེན་རིམ་པ་ཡན་གྱི་ཆེད་ལས་དུས་དེབ ༢༡གི་ཐོག་ཏུ་སྤེལ་ཡོད། དེ་སྔ་གདན་ཞུས་ལྟར་ཀྲུང་གོའི་ཤང་ཀང་དང་ཧ་སག་སི་ཐན་རྒྱལ་ཁབ་ཏུ་རིག་གཞུང་སྤེལ་རེས་ཐེངས་རེ་བྱས་མྱོང་ལ། ཁ་བྱང་ལེགས་གྲུབ་བྱུང་ཟིན་པའི“བོད་ལུགས་སྨན་རྩིས་ཚིག་མཛོདལེགས་སྒྲིག་དང་ཞིབ་འཇུག”སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་བྱ་གཞི་མང་བོའི་ནང་དུ་ཞུགས། རྒྱལ་ཁབ་སློབ་གསོ་པུའུ་ཡི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དངོས་གཞིའི་ཚན་ཁག་གི་སློབ་གསོའི་སློབ་གཞི་འཆར་འགོད་དངབོད་ལུགས་གསོ་རིག་འཕེལ་འགྲིབ་ནདཀྱི་ཁྲོད་དུ་རྩོམ་སྒྲིག་པ་གཞོན་པ་དང་ཞི་བསྒྱུར་བ་གཞོན་པའི་འགན་འཁུར་ཞིང་། ཞིབ་འཇུག་ལས་གཞིའི“བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་མུ་འབྲེལ་འགེལ་རིས(ཐང་ག)ལེགས་སྒྲིག་དང་ཞིབ་འཇུག”སོགས་གཙོ་གཉེར་ལེགས་སྒྲུབ་བྱས་པར་ཞིང་ཆེན་དང་ཁུལ་གཉིས་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཐོབ། རྒྱལ་ཁབ་ཚན་རྩལ་པུའུ་ཡི“ལོ་ལྔའི་འཆར་གཞི་ཨང་བཅུ་གཅིག་པའི”རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་གཞིའི་གཙོ་གནད་ལས་གཞི“མི་རིགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་གཏོང་བའི་འགག་རྩའི་ལག་རྩལ་དཔེ་སྟོན་ཞིབ་འཇུག”གི་ཞིབ་འཇུག་ལས་གཞིར་ཞུགས་མྱོང་།
    ༢༠༡༥ལོའི་ལོ་མཇུག་ཏུ། ཕྱོགས་མང་བོའི་སྐུལ་སློང་འོག  ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཐབས་ལ་བརྟེན་ནས་སྨན་པ་སངས་ལོ་ཁུལ་བོད་སྨན་ཁང་ནས་རྫོང་བོད་སྨན་ཁང་དུ་ལས་གནས་སྤོས། ༢༠༡༦ལོའི་ཟླ ༥བར། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁོ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་དུ་བསྐོས།
    སྨན་པ་སངས་ལོས་མགྱོགས་མྱུར་ངང་ལས་འགན་དང་དུ་བླངས་རྗེས། བོད་སྨན་ཁང་གི་ཚན་ཁག་གི་ཁོངས་མི་དང་མཉམ་དུ་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་སྣེ་ཁྲིད་དེ“དོ་དམ་ཆུ་ཚད་མཐོར་འདེགས། ཁྱད་ལྡན་སྨན་བཅོས་སྔོག་འདོན། སྦྱོར་བཟོའི་སྤུས་ཚད་དོ་སྣང་། ཤེས་ལྡན་མི་སྣ་གསོ་སྐྱོང”བྱ་རྒྱུ་སྨན་ཁང་འཛུགས་པའི་དམིགས་ཚད་དུ་བརྩིས་ནས་ཉེ་བའི་ལོ་གསུམ་རིང་གི་འཕེལ་རྒྱས་ཀྱི་འཆར་འགོད་བཏོན་པ་མ་ཟད་ལག་ལེན་དུ་བསྟར། སྨན་པ་སངས་ལོ་ཡིས་ཡོན་ཀྲང་གི་འགན་འཁུར་ཡུན་མི་རིང་ལ་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
    བོད་ཀྱི་གསོ་བ་རིག་པའི་བཤལ་སྦྱོང་དང་གཏར་གའི་བཅོས་ཐབས་ནི་ཨ་མདོའི་ས་ཁུལ་གྱི་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཞན་ཆ་ཞིག་རེད། དེར་བརྟེན། ཁོས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད། བོད་ཀྱི་གསོ་རིག་མཁས་དབང་བོད་ལྗོངས་གསོ་རིག་སློབ་གླིང་གི་འབུམ་རམས་པའི་སློབ་དཔོན་བསྟན་སྲུང་གྲགས་པ་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་དགེ་རྒན་ཆེ་མོ་བ་བཀྲ་རྒྱལ་གདན་དྲངས་ནས། སྔ་རྗེས་སུ་བཤལ་སྦྱོང་དང་གཏར་ག  མེ་བཙའ་བཅས་ཀྱི་བཅོས་ཐབས་སྤེལ། ཀན་སུའུ་ཡི་བོད་ལུགས་གསོ་རིག་དང་བོད་སྨན་སྒྲིག་གཞི་གཙོ་བོ་བྱས་ཤིང་། མཚོ་སྔོན་དང་སི་ཁྲོན་སོགས་ནས་ཡོང་བའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་ལས་མི་སྣ ༢༠༠ལྷག་ཙམ་ལ་ཚད་ལྡན་གྱི་གསོ་སྦྱོང་བྱས། ལྷག་པར་དུ་སྨན་ཁང་ནང་ཁུལ་གྱི་འབྲེལ་ཡོད་ཆེད་ལས་མི་སྣར་གསོ་སྦྱོང་ཆ་ཚང་བྱས་ནས། བཤལ་སྦྱོང་དང་གཏར་ག  མེ་བཙའའི་བཅོས་ཐབས་བཅས་སྨན་ཁང་ནས་སླར་གསོ་དང་རྒྱུན་འཛིན་ཐུབ་ནས། བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ལས་སྒོ་རྒྱ་སྐྱེད་བཏང་།
    དཔྱད་གཞི་ལས་མངོན་པར། ༢༠༡༦ལོའི་གོང་དུ་རྫོང་བོད་སྨན་ཁང་གི་ལོ་ཧྲིལ་བོའི་ལས་སྒོའི་ཡོང་འབབ་མཐོ་ཤོས་སུ་སྒོར་ཁྲི ༢༠༠ཡང་ཟིན་གྱི་མེད། འོན་ཀྱང་ཁོང་གིས་ཡོན་ཀྲང་གི་འགན་འཁུར་རྗེས་སྨན་ཁང་གི་ལས་སྒོ་ཁག་གི་སྤུས་ཚད་དང་གྲངས་ཚད་ཀྱི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་། ༢༠༡༨ལོར་དཔལ་འབྱོར་དམིགས་ཚད་སྒོར་ཁྲི ༨༠༠ཟིན་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ཞབས་ཞུའི་བསྡུར་གྲངས་དེ་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་བོད་སྨན་ཁང་གི་ཁྲོད་ནས་མདུན་གྲལ་དུ་གནས་པ།
    ཤེས་ལྡན་མི་སྣའི་གསོ་སྐྱོང་བྱ་བ་གོམ་པ་རིམ་བགྲོད་ཀྱིས་སྤེལ་བ། ཁོང་ཉིད་ཀན་སུའུ་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་(བང་རིམ་དང་པོ།)ཡིན་པའི་ཆ་ནས། ༢༠༡༨ལོའི་ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣ་གཙོ་བོའི་ལས་གཞི“བོད་ལུགས་གསོ་རིག་དང་བོད་སྨན་ཤེས་ལྡན་མི་སྣ་རྒྱུན་འཛིན་དང་འཕེལ་རྒྱས”དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་རིགས་གཅིག་མཁས་ཅན་གྱི་ལས་དོན་ཁང་གི་རིག་གཞུང་འཆད་ཁྲིད་དང་ཉམས་མྱོང་རྒྱུན་འཛིན་སོགས་བྱ་བར་གཙོ་སྐྱོང་གནང་ཞིང་འགན་འཁུར་ནས། ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བས་སྨན་ཁང་གི་ནད་ཐོག་སྨན་བཅོས་དང་། སྨན་རྫས་སྦྱོར་བཟོ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཆེད་ལས་སྒྲིག་གཞི་དང་ཤེས་ལྡན་མི་སྣའི་སྐས་རིམ་ལུགས་མཐུན་བྱུང་ཞིང་ཆུ་ཚད་མཐོར་འདེགས་བཏང་བ། དེའི་མི་ཚད“བླ་བྲང་བོད་ལུགས་གསོ་རིག་གླེང་སྟེགས”བསྐྲུན་ཞིང་། བོད་སྨན་ཁང་བཙུགས་ནས་ལོ་བཞི་བཅུ་ལོན་པའི་མུ་འབྲེལ་རིག་གཞུང་འཆད་ཁྲིད་ཐེངས ༣༠སྤེལ་བ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྨན་ཁང་གི་མཐོ་རིམ་གཞོན་པ་ཡན་གྱི་ལས་སྒོའི་རྐང་འཛིན་པ་བཀོད་སྒྲིག་བྱས་ནས་འཆད་ཁྲིད་བྱས་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་བོད་ལུཊ་གསོ་རིག་དང་བོད་སྨན་གྱི་རིཊ་གཅིག་མཁས་ཅན་ཐེངས་མང་གདན་དྲངས་ཏེ་འཆད་ཁྲིད་བྱས་ནས་རིག་གཞུང་དང་དོ་དམ་སོཊ་ཀྱི་ཐད་ནས་བསམ་བློ་བརྗེ་རེས་བྱེད་པར་ཤུཊ་བསྣན།
    ༢༠༢༠ལོར། སྨན་པ་སངས་ལོ་ཡིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་དྲག་པོ་ལ་དམིགས་ཏེ་རང་འགུལ་ངང་ལོ་གསར་གྱི་གུང་གསེང་དོར་ནས། གོང་རིམ་གྱི་བཀོད་སྒྲིག་ནན་ཏན་ངང་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རང་ཉིད་ཀྱིས་ཚན་གཙོ་ཡི་འགན་ཁུར་ཏེ་དུས་ཐོག་ཏུ“ཚ་རྒྱས་སྒོ་བསྟེན་སྨན་ཁང”དང་དེ་བཞིན་བྱ་བའི་བརྒྱུད་རིམ་དང་སྔོན་ཇུས་བཀོད་ནས་ཉིན་མཚན་ཀུན་ཏུ་ལས་རེས་བཀོད་སྒྲིག་བྱས།
    སྨན་པ་སངས་ལོ་བོད་སྨན་ཁང་གི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས། ཏང་ཡོན་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྣེ་ཁྲིད་དང་མིག་དཔེ་བཟང་བོ་སྟོན་པ་དང་། ཏང་ཡོན་གྱི་དམག་འཐབ་མཁར་རྫོང་དང་སྣེ་ཁྲིད་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཤིང་། ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་པ། རང་མོས་ངང་རྩ་འཛུགས་ལ“དམག་འཐབ་ཞུ་ཡིག”ཕུལ་ཞིང་། འགོ་བཟུང་ནས་ཏང་གི་དར་ཆའི་འོག་ནས་གཟི་བརྗིད་ལྡན་པའི་དམ་བཅའ་བཞག་པ་མ་ཟད། རྩ་འཛུགས་ལ་འཐབ་ཕྱོགས་དང་བོའི་རིམས་ནད་ཁུལ་དུ་བསྐྱོད་རྒྱུའི་རེ་ཞུ་ཐེངས་མང་བྱས་པ། རང་ཉིད་ཀྱིས་འགོ་ཁྲིད་དེ་སྒོར ༡༠༠༠ཞལ་འདེབས་སུ་ཕུལ་བ་དང་དམིགས་བསལ་གྱི་ཏང་དངུལ་སྒོར ༣༠༠སྤྲད།
    བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་ངོས་ནས། ཁོང་གིས་སྨན་ཁང་གི་རིཊ་གཅིག་མཁས་ཅན་ཚོཊ་པའི་སྣེ་ཁྲིད་དེ“ལོ་གྱོན་མ”དང་། “གྲིབ་བསང་ལྷ་ཆབ་སྔོན་མོ”“རིམས་སྲུང་ནག་པོ་དགུ་སྦྱོར”སོགས་རིམས་འགོག་བོད་སྨན་སྣ་ཁ ༣དང་རྒྱ་མ ༡༠༠༠ཞིབ་བཟོ་བྱས་ཤིང་མི ༥༠༠༠ལྷག་ལ་བཀྲམ་ནས། རིམས་ནད་ལ་འགོག་རྒོལ་བྱ་ཆེད་བོད་སྨན་གྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས།
    ཉེ་བའི་ལོ་ཤས་རིང་། ཁོང་གི་གཟེངས་སུ་ཐོན་པའི་བྱ་བའི་གྲུབ་འབྲས་ལའང་ཏང་དང་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་པ་མ་ཟད་གཟེངས་བསྟོད་ཐེངས་མང་ཐོབ། སྔ་རྗེས་སུ“རྒྱལ་ཡོངས་གྲངས་ཉུང་མི་རིགས་སྨན་བཅོས་བྱ་བའི་སྔོན་ཐོན་མི་སྒེར”དང་། “༢༠༡༨ལོའི་ཀན་སུའུ་ཞིང་ཆེན་སྣེ་ཁྲིད་ཤེས་ལྡན་མི་སྣའི་ཕུལ་བྱུང་བྱ་དགའ”“ཀན་སུའུ་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་སྔོན་ཐོན་ལས་བྱེད་པ”“ཀན་སུའུ་ཞིང་ཆེན་སྤུས་ལེགས་སྨན་བཅོས་ཞབས་ཞུའི་དཔེ་སྟོན་མི་སྒེར”“ཀན་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར”སོགས་ཀྱི་མཚན་སྙན་ཐོབ་པ་རེད།།
      (《ཀྲུང་གོ་ཀན་སུའུ་དྲ་བ》ལྟར་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།