༄༅།། སྡེ་ཁུལ་མང་ཚོགས་ཀྱི་སེམས་ཁོངས་སུ་འཚེར་བའི་སྐར་མ་འོད་ཆེན། --གཙོས་གྲོང་ཁྱེར་མཁར་བྱང་མངགས་གཏོང་ཁང་གི་ཉེན་རྟོག་པ་ཝང་ལི་ཧྲི་ཡི་གནས་ཚུལ་བཀོད་པ། - རིག་གནས་མི་སྣ - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། སྡེ་ཁུལ་མང་ཚོགས་ཀྱི་སེམས་ཁོངས་སུ་འཚེར་བའི་སྐར་མ་འོད་ཆེན། --གཙོས་གྲོང་ཁྱེར་མཁར་བྱང་མངགས་གཏོང་ཁང་གི་ཉེན་རྟོག་པ་ཝང་ལི་ཧྲི་ཡི་གནས་ཚུལ་བཀོད་པ།
དུས་ཚོད།2022-03-31 16:55:17     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
\\
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)དམངས་ལ་ཞབས་ཞུ་སྒྲུབ་པའི་གཟུགས་བརྙན་ཕལ་བ་ཞིག  ཉིན་ཐོག་ཉིན་བརྩེགས་ཀྱི་ལས་སྒོ་གཅིག་གི་བརྒྱུད་རིམ་ཞིག  ལས་གནས་བརྟན་པོར་སྲུང་བའི་ལུས་བཀུར་ཅན་གྱི་མཛངས་མའི་སྣང་བརྙན་གསོན་ཉམས་དོད་པོ་ཞིག  གཙོས་གྲོང་ཁྱེར་མཁར་བྱང་མངགས་གཏོང་ཁང་ཁོངས་གཏོགས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་སེམས་ཁོངས་སུ་འཚེར་བའི་སྐར་མ་འོད་ཆེན། ཁོ་མོའི་གཟུགས་བརྙན་ནམ་ཡང་མི་དམངས་ཀྱི་མཐོང་ལམ་དུ་མངོན་ཡོད།
    ཉེན་རྟགས་ཀྱི་འབོད་སྐུལ་ནས་ཕུགས་བསམ་གྱི་འགོ་བརྩམས།
    ང་ཆུང་དུས་ནས་འགྲན་སློང་ཡོད་པའི་བྱ་བ་སྒྲུབ་པར་ཧ་ཅང་དགའ་ལ། དེ་བས་ཕུལ་དུ་བྱུང་བའི་ཉེན་རྟོག་པ་ཞིག་བྱེད་རྒྱུ་ནི་ངའི་སེམས་ཀྱི་གཏིང་ཟབ་སར་ཟུག་པའི་ཕུགས་འདུན་ཡིན། འདི་ནི་གཙོས་གྲོང་ཁྱེར་མཁར་བྱང་མངགས་གཏོང་ཁང་གི་སྡེ་ཁུལ་མི་དམངས་ཉེན་རྟོག་པ་ཝང་ལི་ཧྲི་ཡི་སེམས་གཏམ་ཡིན།
    ༢༠༠༤ལོར། ཝང་ལི་ཧྲི་ཡིས་སྔ་རྗེས་སུ་གཙོས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་སྐྱོང་མཉམ་འགོག་རུ་ཁག་དང་མཁར་བྱང་མངགས་གཏོང་ཁང་དུ་བདེ་སྲུང་དང་རོགས་སྐྱོར་ཉེན་རྟོག་པའི་འགན་འཁུར། ༢༠༠༦ལོར། ཁོ་མོར་བརྡ་ཐོ་འབྱོར་རྗེས། ཤང་དང་གྲོང་རྡལ་གྱི་འཆར་ལྡན་བུ་བཙའི་བྱ་བའི་འགན་ཁུར་ནས་ལོ་བཅུ་འགོར། ལོ་བཅུའི་ནང་ཁོ་མོས་ཉེན་རྟོག་པའི་ལས་རིགས་ལ་བཅངས་པའི་ཡིད་སྨོན་དང་སྔོ་ནག་གི་ཉེན་རྟོག་ལས་གོས་ཀྱི་བརྩེ་བ་ནམ་ཡང་བརྗེད་མེད། ༢༠༡༥ལོར། ཁོ་མོས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པར་རྒྱུགས་འཕྲོད་ནས། ཉེན་རྟོག་པའི་ཕུགས་བསམ་གྱི་འགོ་རྩོམ་ས་དེ་གཙོས་གྲོང་ཁྱེར་མཁར་བྱང་མངགས་གཏོང་ཁང་དུ་ཕྱིར་སླེབས།
    ཐོག་མའི་སེམས་འདུན་གྱིས་སྣེ་ཁྲིད་དེ་དམངས་རྣམས་བྱམས་ཀྱིས་སྐྱོང་།
    ཝང་ལི་ཧྲི་ཡིས་རྒྱུན་ལྡན་གྱི་སྐོར་ཞིབ་འཚམས་འདྲིའི་ཁྲོད། རང་ཉིད་ཀྱི་ཁོངས་གཏོགས་ས་ཁུལ་གྱི་མཱ་ཚང་གི་བཟའ་མི་གསུམ་ཁྱིམ་ཐོའི་སྟེང་ན་མེད་པས། སྨན་པ་སྟོན་དུས་འགྲོ་སོང་རྩིས་ཞུ་བྱེད་མི་ཐུབ་ལ། བྱིས་པ་སློབ་གྲྭར་འགྲོ་བའི་གནད་དོན་ཡང་ཐག་གཅོད་མི་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་མི་ཐུབ་པས། འཚོ་བའི་གང་ས་གང་དུ་དཀའ་ཁག་བཟོས་ཡོད་པ་ཤེས། ཁོ་མོ་ཡང་དང་བསྐྱར་དུ་ཁྱིམ་ཚང་གི་སྒོ་ཁར་སོང་བ་ན། ད་གཟོད་ཁྱིམ་ཐོའི་གནད་དོན་འདི་མཱ་ཚང་གི་ལོ་མང་བོའི་རིང་གི་ཁྱིམ་ཚང་གི་འགལ་བ་ཡིན་པ་རྒྱུས་ལོན་བྱུང་། ཝང་ལི་ཧྲི་ཡིས་ཁོ་ཚོ་ལ་ཁྱིམ་ཐོའི་གནད་དོན་འདི་ཐག་གཅོད་བྱེད་པ་མ་ཟད། ད་དུང་ཁོ་ཚོའི་འགལ་བ་ཡང་ཐག་གཅོད་བྱ་རྒྱུ་ཡིན་པ་ཐག་བཅད། དེའི་རྗེས་ཀྱི་ལོ་གཉིས་ཀྱི་ནང་། ཝང་ལི་ཧྲི་དང་ལས་གྲོགས་ཚོ་ཡར་རྒྱུགས་མར་རྒྱུགས་བྱས་ཤིང་། བརྟག་ཞིབ་དཔང་ལེན་དང་ཐེམ་ཐོ་གནས་ས་མཐུན་སྦྱོར་བྱས་ནས། མཐའ་མར་རེ་བའི་འོད་ཟེར་དེ་ཁྱིམ་ཚང་འདི་ལ་འཕྲོས།
    ཝང་ལི་ཧྲིའི་ཉེན་རྟོག་ལས་སྒྲུབ་ཁང་གི་གྱང་ངོས་སུ་མིག་དབང་འཕྲོག་པའི་མི་དམངས་ཀྱི་ཉེན་རྟོག་པ་བཟང་བོ་ཞེས་པའི་གཟེངས་བསྟོད་དར་ཆ་ཞིག་བཀལ་ཡོད། འདི་ནི་སྡོད་དམངས་ཀྲང་ཁྲོན་ཨི་དང་མོའི་ཁྱིམ་བདག་གིས་བྱིན་པ་ཡིན། ཀྲང་ཁྲོན་ཨིའི་ཁྱིམ་ཚང་གི་གནད་དོན་སྟེང་ནས་ཝང་ལི་ཧྲི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དྲིན་ཆེན་དུ་གྱུར་ཡོད།
    ༢༠༠༩ལོར། ཀྲང་ཁྲོན་ཨི་དང་མག་པ་གཉིས་གཙོས་ལ་ཡོང་ནས་ལས་གཉེར་བྱས། བྱིས་པ་གསུམ་གྱི་སློབ་གྲྭ་སྒྱུར་བའི་གནད་དོན་ཐག་གཅོད་བྱེད་དཀའ་བ་དེས་བཟའ་ཟླ་གཉིས་ཀྱི་འགལ་བ་ཡང་ཇེ་མང་ནས་ཇེ་མང་ཡིན། ཝང་ལི་ཧྲི་ཡིས་དོན་དག་དེ་གོ་མ་ཐག་མྱུར་དུ་འབྲེལ་ཡོད་ལས་ཁུངས་དང་འབྲེལ་བ་བྱས་ནས། ལོ་གཉིས་ཀྱི་ནང་རིམ་གྱིས་བྱིས་པ་གསུམ་གྱི་སློབ་གྲྭ་སྒྱུར་བའི་གནད་དོན་ཐག་བཅད། ཀྲང་ཁྲོན་ཨི་བཟའ་ཟླ་གཉིས་ཀྱིས་བརྩེ་བ་ཟབ་མོ་བཅངས་ཏེ་གཟེངས་བསྟོད་དར་ཆ་ཝང་ལི་ཧྲི་ཡི་ལག་ཏུ་བསྐྱལ། ཝང་ལི་ཧྲི་ཡིས་ལག་ལ་གཟེངས་བསྟོད་དར་ཆ་བཟུང་ནས། མིག་མཐའ་མཆི་མས་བཀང་། མི་དམངས་ལ་ཞབས་ཞུ་སྒྲུབ་པ་ནི་ཉེན་རྟོག་པའི་འོས་འགན་ཡིན་པས། ཁ་ནས་བཤད་པ་ཙམ་མིན་པར། དོན་ཐོག་ཏུ་འཁྱོལ་དགོས། ང་ཚོས་ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དེ་མང་ཚོགས་ཀྱི་སེམས་སུ་གསལ་བ་ཡིན། གསེར་དང་དངུལ་གྱི་རྟགས་མ་ལས། འབངས་ཀྱི་གདེང་འཇོག་བླ་ན་མཐོ་ཟེར། ཝང་ལི་ཧྲི་ཡི་ད་ལྟའི་མྱོང་ཚོར་དེ་ཁོ་མོས་རྗེས་ཕྱོགས་སྔར་ལས་འབད་པ་བྱས་ནས་བྱ་བ་སྒྲུབ་པའི་ཡིད་ཆེས་བརྟན་པོར་གྱུར།
    བརྩེ་བ་ཆེན་པོར་ཅ་ཅོའི་གཏམ་དང་བྲལ། སྒེར་དོན་དོར་ཏེ་སྤྱི་དོན་ལྷུར་དུ་ལེན།
    ལོ་འགའི་སྔོན་ལ། ཝང་ལི་ཧྲི་ཡིས་ཁྱིམ་དང་བྲལ་བའི་ལོ་བཅུ་ཙམ་ལོན་པའི་བྱིས་པ་ཞིག་བརྙན་མིག་བརྒྱུད་དེ་སྲང་ལམ་ནས་རྙེད་པ་མ་ཟད་རང་གི་ཁྱིམ་དུ་ཁྲིད། བྱིས་པ་ནི་ཕ་མ་ཡ་གཅིག་གི་ཁྱིམ་ཚང་ནས་ཡིན་པ་དང་། ཕ་མ་དང་ཁ་རྩོད་བརྒྱབ་པས། མོ་ཧོལ་རྒྱུག་གིས་ཁྱིམ་དང་ཁ་བྲལ། ཝང་ལི་ཧྲི་ཡིས་བྱིས་པ་དང་ཁ་བརྡ་བྱས་ནས་ནམ་གུང་ལ་སླེབས་ལ་ཉེ། རང་གི་བུ་མོའི་ཚོར་བ་སྣང་མེད་དུ་བཞག ཕྱིར་ཉིན་ཞོགས་པར། བུ་མོས་སྣང་མེད་ཀྱིས་མོ་ལ་ཨ་མའི་བརྩེ་བ་འགྱུར་སོང་། ཁྱོད་ཀྱིས་ཉེན་རྟོག་པའི་ལས་གཉེར་བ་ནས་བཟུང་། ཁྱོད་ཨ་མ་བཟང་བོ་ཞིག་མིན་ཟེར།
    ཁོ་མོས་ཉེན་རྟོག་པའི་ལས་གནས་གཉེར་བ་ནས་བཟུང་། སེམས་ཤུགས་ཕལ་ཆེ་བ་བྱ་བའི་སྟེང་ན་ཡོད་པས། ཁྱིམ་ཚང་འདི་ལ་སེམས་ཤུགས་བཏོན་པ་ཧ་ཅང་ཉུང་ལ། ལྷག་པར་དུ་རང་གི་བུ་མོ་དང་བྱིས་གཉོར་ཁང་དུ་འགྲོ་བའི་བུ་ལ་སེམས་ཁུར་བྱེད་པ་ཧ་ཅང་ཉུང་བ་ཤེས་ཡོད། ཁོ་མོས་རང་གི་བུ་མོར་རྒྱུས་ལོན་ཡོད་བསམ་མོད། འོན་ཀྱང་བུ་མོས་བཤད་པའི་སྐད་ཆ་དེས་མོའི་སེམས་སྟེང་ལ་ཚེར་མ་ཟུག་པ་ལྟར་ན་ཟུག་སྐྱེས་སུ་བཅུག
    དེ་རིང་ནི་ཁྱོད་ཀྱི་སྐྱེས་སྐར་ཡིན། ཨ་མས་ཁྱོད་ལ་སྒོ་ངའི་བག་ལེབ་ཉོས་ཡོད། དགོང་མོར་ང་སྔ་མོ་ནས་ཡོང་ཨེ་ཐུབ་བྱས་ཏེ། མཉམ་དུ་སྐྱེས་སྐར་ལ་རོལ་ཟེར། བུ་མོའི་སྐྱེས་སྐར་གྱི་ཉིན་དེར། ཝང་ལི་ཧྲི་ཡིས་བུ་མོ་དང་མཉམ་དུ་སྐྱེས་སྐར་རོལ་འདོད་མོད། འོན་ཀྱང་བྱ་བའི་དབང་གིས་ཁྱིམ་དུ་ལོག་དུས་ཧ་ཅང་འགོར། ཝང་ལི་ཧྲི་ཕྱིར་ཁྱིམ་དུ་ལོག་དུས་མདུན་ཅོག་དང་གང་ས་གང་དུ་གད་སྙིགས་གཏོར་ནས་ལྟ་ས་མེད་པ་ཞིག་ཏུ་བཟོས་ཡོད། སྒོ་ངའི་བག་ལེབ་ཟོས་ཚར་ལ་ཡོད། ཁོ་མོས་བུ་མོ་ལ་ཅིའི་ཕྱིར་གད་སྙིགས་གང་སར་འཕེན་དགོས་ཞེས་གཤེ་གཤེ་འགའ་གཏོང་འདོད་མོད། འོན་ཀྱང་བུ་མོས་ཁོ་མོར་ཤོག་བྱང་ཞིག་བྲིས་ནས་བཞག་ཡོད། ཨ་མ། སྐྱེས་སྐར་ནུ་བོས་ང་ལ་རོལ་རོགས་བྱས་བྱུང་། ང་ཚོས་དབྱང་ལཱ་བཀར་ནས་ཐེངས་རྗེས་མའི་སྐྱེས་སྐར་ལ་ཁྱོད་དང་ཨ་ཕ་གཉིས་ཀྱིས་ང་དང་ནུ་བོ་ལ་འདུག་རོགས་བྱ་རྒྱུའི་སྨོན་ལམ་བཏབ་ཡོད། ཁྱེད་གཉིས་སྔ་ཙམ་ནས་ཁྱིམ་དུ་ལོག་སྟེ་ངལ་གསོ་བྱ་རོགས་ཞེས་བྲིས་ཡོད། སྐད་ཆ་དེ་དག་མཐོང་མ་ཐག་ཝང་ལི་ཧྲིའི་སེམས་སུ་འགྱོད་སེམས་སྐྱེས་ནས་མིག་ཆུ་བཞུར།
    ཝང་ལི་ཧྲི་ཡིས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དགོས་མཁོར་རོགས་རམ་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན་ཕྱིན་ཁོ་མོས་ནུས་པ་ཡོད་རྒུས་ཐག་གཅོད་བྱེད་ཀྱིན་ཡོད་པས། མི་དམངས་ནམ་ཡང་ཁོ་མོའི་སེམས་སུ་ཡོད།
    ལས་གནས་སུ་རྐང་ཚུགས་ཤིང་། ཉེན་རྟོག་པའི་བླ་སྲོག་སྐྲུན་པ།
    ཉེན་རྟོག་པའི་བྱ་བ་འདི་སྒྲུབ་པ་ནས་བཟུང་། ཝང་ལི་ཧྲི་སྤྱིར་བཏང་གི་སྡེ་ཁུལ་མི་དམངས་ཉེན་རྟོག་གི་ལས་གནས་སྟེང་ནས། གུང་ཁྲན་ཏང་ཡོན་གྱི་ཏང་གཤིས་ལ་བརྟེན་ནས་གསར་བརྗེ་འགོག་སྲུང་བརྟན་པོ་བྱས་པ་དང་། མི་དམངས་ཉེན་རྟོག་པ་ཞིག་གི་བླ་ན་མེད་པའི་འགན་འཁྲིར་བརྟེན་ནས་གསེར་ཕུབ་སྔོན་པོ་བཙུགས་ཡོད། ཝང་ལི་ཧྲི་ལ་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་གྱི་བུད་མེད་ཕུལ་བྱུང་ཅན་དང་ཀན་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར། ཀན་ལྷོ་ཁུལ་གྱི་ཕུལ་བྱུང་སྡེ་ཁུལ་མི་དམངས་ཉེན་རྟོག་པ། གཙོས་གྲོང་ཁྱེར་གྱི་གསུམ་བརྒྱད་དར་དམར་འཛིན་མཁན། གཙོས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གཟེངས་བསྟོད་སོགས་གཟི་བརྗིད་མཚན་སྙན་བཅུ་ལྷག་ཐོབ་ཡོད། ད་བར་དུ། ཝང་ལི་ཧྲི་ཡིས་སློབ་མཚམས་བཞག་པའི་བྱིས་པ༧ལ་ཁ་ཏ་བསླབ་བྱ་བཏང་བ་དང་། བདག་མེད་ལོ་ལོན༢རྒན་གསོ་ཁང་དུ་བསྐྱལ། བཅར་འདྲི་དང་འབྲེལ་གཏུགས་ཐེངས་མང་བྱས་ནས་སློབ་གྲྭར་འགྲོ་བའི་ལོ་ཚད་ལོན་པའི་བྱིས་པ༤ལ་གནས་སྐབས་སྡོད་པའི་དཔང་ཡིག་བླངས། ཁྱིམ་ཐོའི་སྟེང་ན་མེད་པའི་མི༡༨ཁྱིམ་ཐོའི་སྟེང་འཇོག་རོགས་བྱས་པ་མ་ཟད། ད་དུང་མང་ཚོགས་ལ་མ་མཐའི་འཚོ་བའི་འགན་སྲུང་དང་འགན་སྲུང་ལྔ། དཔལ་འབྱོར་སྤྱོད་གོ་ཆོད་པའི་ཁང་བ་སོགས་བརྩོན་ལེན་བྱས། ཁོ་མོས་དཀའ་ངལ་ཡོད་པའི་མང་ཚོགས་མང་བོ་དང་སློབ་སྦྱོང་བྱེད་མཁན་ལ་འཚོ་བར་ཡིད་ཆེས་བསྐྱེད་པ། མངའ་ཁོངས་ས་ཁུལ་གྱི་སྨྱོ་ནད་ཅན་དང་དབང་བོ་སྐྱོན་ཅན་སོགས་ཀྱི་དམིགས་བསལ་ཚོགས་པ་འདི་ལ་རོགས་རམ་བྱས་ནས། ཁོ་ཚོར་སྤྱི་ཚོགས་ཀྱི་ཐུགས་ཁུར་དེ་བས་མང་བོ་ཐོབ་པར་བྱས། ཝང་ལི་ཧྲི་ཡིས་བློ་གཅིག་སེམས་གཅིག་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༣༠༠༠ཡོད་པའི་གངས་ལྗོངས་གཙོས་གྲོང་གི་ཁྱིམ་ཚང་ཁྲི་སྟོང་མང་བོའི་བདེ་འཇགས་དང་འཆམ་མཐུན་སྲུང་སྐྱོབ་བྱེད་བཞིན་ཡོད།
    ཝང་ལི་ཧྲི་ལྟ་བུའི་གཞི་རིམ་དུ་བྱས་རྗེས་བཞག་དང་འཇོག་བཞིན་པའི་མི་དམངས་ཉེན་རྟོག་པ་མང་པོ་ཡོད་མོད། ཁོ་ཚོས་སྒེར་དོན་དོར་ཏེ་སྤྱི་དོན་ལྷུར་དུ་བླངས་ཤིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་བསྒྲུབས། ང་ཚོའི་ལྷིང་འཇགས་ཀྱི་ལོ་ཟླ་ནི་ཁོ་ཚོས་བསྐྲུན་པ་ཡིན་པས་ཁོ་ཚོར་གུས་འདུད་ཞུ།།
(བཀྲ་ཤིས་གཡང་མཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།