中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་ཡིག་གཟུགས >
༄༅།། སྐལ་བཟང་བཀྲ་ཤིས་དང་ཨ་ནུ་ཡིག་ཆས།
དུས་ཚོད།2016-07-01 17:20:46     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
     

      ཁོང་གི་མིང་ལ་སྐལ་བཟང་བཀྲ་ཤིས་ཟེར་ལ། པུར་མིང་ལ་ཨ་ནུ་སྐལ་བཟང་བཀྲ་ཤིས་སུ་འབོད། 1978ལོར་ཀན་ལྷོ་ཁུལ་མཛོད་དགེ་རུ་སྟོད་མའི་ཡུལ་ཚོ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད་དེ་སྤྱི་ལོ2000ལོར་བྱ་བའི་ལས་གནས་སུ་ཞུགས་ཏེ་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་རྩེ་གཅིག་ཏུ་བྱས་ལ། 2010ལོར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ཡིག་གཟུགས་དང་རི་མོའི་དགེ་རྒན་གྱི་ལས་འགན་འཁུར་མྱོང་། དགེ་རྒན་བཀའ་དྲིན་ཅན་ཁོ་ཚེ་བསོད་ནམས་ཚེ་རིང་ལགས་ཀྱི་དྲུང་ནས་ཡིག་གཟུགས་འབྲི་བའི་རྨང་བཏང་། རྗེས་སུ་ཡིག་མཁན་ཨ་ཁུ་སྨོན་ལམ་ཚང་གི་དངོས་སློབ་རྒན་རྡོར་བྷ་ལགས་གཙོ་བྱས་པའི་དགེ་རྒན་མང་བོའི་དྲུང་ནས་འབད་ཆེན་པོས་སྦྱངས་བ་བྱས། དེ་ནས་ཀན་སུའུ་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། རྨ་ཆུ་རྫོང་བོད་ཀྱི་སྲོལ་རྒྱུན་རི་མོ་སྲུང་སྤེལ་ལྟེ་གནས་ཀྱི་ཁོངས་མི་བཅས་ཡིན།
      2014ལོ་ནས་བཟུང་ཡིག་གཟུགས་རིག་གནས་ཀྱི་ཚོང་རའི་དགོས་མཁོ་དང་བསྟུན་ཏེ་བོད་ཀྱི་བྲིས་གཟུགས་ལས་དོན་འདི་མཁའ་མཐར་ཡན་པའི་མག་མོག་གི་ཟླ་བའི་རྗེས་སུ་འགྲོ་བཞིན་པར་སེམས་ཁྲལ་གྱིས། ཡིག་གཟུགས་ལས་དོན་ལ་འཇུག་གིན་པའི་ལས་དང་པོ་བར་མཐུན་རྐྱེན་ཨེན་ཙམ་རེ་ཡོང་ན་སྙམ་པའི་ཀུན་སློང་རྣམ་དག་གིས་ཨ་ནུ་རྟགས་ཅན་གྱི་བོད་ཀྱི་ཡིག་ཆས་ལས་སྣོན་བྱས་ཏེ། ཚོང་རར་བཀྲམས་པའི་རྒྱ་ཆེ་བའི་འཛད་པ་ལ་བོད་ཀྱི་རིག་གནས་ལ་དུངས་བའི་ཤེས་ཡོན་པ་དག་གིས་དགའ་བསུ་ཆེན་པོར་ཐོབ། བརྩམས་ཆོས་ལ《ཡིག་གཟུགས་མཐོང་བ་དགའ་སྐྱེད》དང《དབུ་ཅན་ཡིག་གཟུགས་འབྲི་དེབ》བཅས་ཡོད།  2014ལོར“གཟི་ཚ་སྡེ་དགུ་སྐྱེས་བུམ་གྱི་ཀྲུང་གོའི་ནུབ་རྒྱུད་རྒྱ་བོད་ཡིག་གཟུགས་འགྲན་བསྡུར”ཁྲོད་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།།
     སྨྲས་པ། 
             བོད་ཀྱི་བྲིས་གཟུགས་ཟླ་བའི་ཞལ་རིས་ལ།།
             ཉམས་རྒུད་རི་བོང་གྲིབ་མས་མི་བསྒྲིབ་པར།།
             སྣ་བརྒྱའི་རིག་གཞུང་ནམ་མཁའི་མཚོ་ཀློང་ལ།།
             ཉིན་བྱེད་དཀྱིལ་འཁོར་བཞིན་དུ་རྒྱས་པར་ཤོག།

 
 
ཁོང་གིས་བཟོས་པའི་སྨྱུ་གུ
 
 

 
ཁོང་གིས་ལས་སྣོན་བྱས་པའི་སྣག་ཚ། 
 


ཁོང་གིས་བཟོས་པའི་བོད་ཤོག



ཁོང་གིས་བཟོས་པའི་སྣག་བུམ། 
 
 

ཁོང་གིས་བྲིས་པའི་ཡིག་གཟུགས།
 
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།