༄༅།། གསར་འགྱུར་མདོར་བསྡུས། - བསྡུས་འཕྲིན། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > བསྡུས་འཕྲིན། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2019-07-12 15:52:47     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
  ༄༅།། ཟླ 7པའི་ཚེས 5ཉིན་ལ། ཁུལ་སྲིད་གཞུང་དང་ཧྲང་ཧའེ་གྲོང་ཁྱེར་ཀན་སུའུ་ཚོང་དོན་ཚོགས་པའི་བཞུགས་མོལ་གྲོས་ཚོགས་དང་མཛའ་མཐུན་མཉམ་ལས་གན་རྒྱ་འཇོག་པའི་མཛད་སྒོ་ལན་ཀྲོའུ་ནས་སྤེལ།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ་དང་ཧྲང་ཧའེ་གྲོང་ཁྱེར་ཀན་སུའུ་ཚོང་དོན་ཚོགས་པའི་ཚོགས་གཙོ་ཧྥན་ཀྲེན་གྲོས་ཚོགས་སུ་ཞུགས།།
    ༄༅།། ཟླ 7པའི་ཚེས 4ཉིན་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན་འཁོར་དང་བཅས་པ་ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་རུ་སོང་ནས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུའི་ཚོམས་ཆེན་གྱི་འཛུགས་སྐྲུན་བྱ་བར་ཞིབ་བཤེར་བྱས།།
   ༄༅།། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་ཚན་ཆུང་ལྔ་བ་ཟླ 7པའི་ཚེས 11ཉིན་ལ་ཀན་སུའུ་རུ་བཅའ་སྡོད་བྱས་ནས་ཁག་དང་བོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་ཐེངས་གཉིས་པའི་ལྟ་བཤེར་སྤེལ། ཟླ 7པའི་ཚེས 5ཉིན་ལ། ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལན་ཀྲོའུ་རུ་ཚོགས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་གཙོས་དང་ཅོ་ནེའི་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཉན་ཞིང་བལྟས།།
    ༄༅།། ཟླ 7པའི་ཚེས 7ཉིན་ལ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཧུའོ་ཡུས་ལུང་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་དང་ཚོགས་ར་འཛུགས་སྐྲུན་གྱི་བྱ་བར་རྟོག་ཞིབ་བྱས།།
 
  ༄༅།། “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་སྐབས་སུ་རྫོང་ཡོངས་ཀྱི་འཐུང་ཆུའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར། ཐེ་བོ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཕྱོགས་བསྡུས་ལྟ་སྐུལ་ཁྲིམས་འཛིན་སུའོ་ཡིས་འཚོ་བའི་འཐུང་ཆུའི་གཙང་སྦྲ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས།
    ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གྱིས་རྫོང་ཆུ་མཁོ་འདོན་ལས་ཁུངས་ཀྱི་ཆུ་འདོན་ཀུང་སིའི་འཕྲོད་བསྟེན་ལག་ཁྱེར་དང་། ཆུ་ཁུངས་གཙང་སྦྲ་འགོག་སྲུང་གི་གནས་ཚུལ། ཆུ་དང་འབྲེལ་བའི་ཐོན་རྫས། ཆུ་ལ་དུག་སེལ་བྱེད་པ་སོགས་ལ་ཞིབ་བཤེར་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་འཚོ་བའི་འཐུང་ཆུའི་གཙང་སྦྲའི་བདེ་འཇགས་འགན་ལེན་བྱ་བ་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས།།
 
  ༄༅།། ལིན་ཐན་རྫོང་གིས་ཞིང་ཆེན་རིམ་པའི་གཙོ་གནད་ཤེས་ལྡན་མི་སྣའི་ལས་གཞི་ལ་བརྟེན་པ་དང་ས་གནས་དེ་གའི་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྐྱེ་ལྡན་ལྕུམ་རྩ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་གསོ་སྐྱོང་རྟེན་གཞི་བཙུགས་ནས་ཐོན་ལས་ཀྱི་ལེགས་ཆ་ལ་བརྟེན་ནས་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ལ། རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་ལ་ཞབས་ཞུ་སྒྲུབ་པ་རེད།
    རྫོང་ཁོངས་སུ་ལྕུམ་རྩ་དང་ཏང་ཀུན་སོགས་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་དེ། རྒྱལ་ཡོངས་ཀྱི་ཀྲུང་བོད་སྨན་རྫས་སྣ་མང་ཡོད་པའི་གནས་ཤིག་ཡིན། ཞིང་ཆེན་རིམ་པའི་གཙོ་གནད་ཤེས་ལྡན་མི་སྣའི་ལས་གཞིའི་མ་དངུལ་སྒོར་ཁྲི 60དང་། ཁེ་ལས་ཀྱིས་སྒོར་ཁྲི 200གྲབས་གསོག་བྱས་ཏེ་སྐྱེ་ལྡན་ལྕུམ་རྩའི་མྱུག་གསོ་རྟེན་གཞི་མུའུ 200དང་སྐྱེ་ལྡན་ལྕུམ་རྩའི་དཔེ་སྟོན་འདེབས་འཛུགས་རྟེན་གཞི་མུའུ 500བསྐྲུན་པ་དང་། སྨན་རྒྱུ་ལས་སྣོན་དང་གསོ་སྦྱོང་རྟེན་གཞི་སྨི་གྲུ་བཞི་མ 850བསྐྲུན་ཡོད། ལས་གཞི་ལག་བསྟར་བྱས་པ་ནས་བཟུང་ཁྲིན་ཀོན་གྲོང་རྡལ་དང་དབྱང་ཡུང་གྲོང་རྡལ་སོགས་སུ་སྐྱེ་ལྡན་ལྕུམ་རྩ་མུའུ 1200ལྷག་འདེབས་འཛུགས་ཁྱབ་གདལ་བཏང་ནས་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་བྱེད་བཞིན་པའི་ཁྱིམ་ཚང 100ལྷག་དང་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང 50ལ་སྐུལ་ཁྲིད་བྱས།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།