中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > བསྡུས་འཕྲིན། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2022-06-22 15:29:09     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 6པའི་ཚེས 13ཉིན་ནས་ཚེས 15ཉིན་བར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་སྐབས་བཅུ་གསུམ་པའི་ཀན་སུའུ་ཡི་རྒྱལ་ཡོངས་དམངས་ཆེན་འཐུས་མི་མི་རིགས་ཆོས་ལུགས་བྱ་བའི་ཚན་ཆུང་གི་སྣེ་ཁྲིད་དེ་རང་ཁུལ་གྱི་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་དུ་ཆོས་ལུགས་བྱ་བར་རྟོག་ཞིབ་མཛད།
    རྟོག་ཞིབ་ཚན་ཆུང་བླ་བྲང་ཁ་ཆེའི་འདུ་ཁང་དང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་།བླ་བྲང་སྔགས་པ་གྲྭ་ཚང་།ཇོ་མོའི་དགོན་པ།བླ་བྲང་དགོན་པ།གཙོས་གྲོང་ཁྱེར་ནུབ་རིའི་ཁ་ཆེའི་འདུ་ཁང་།གཙོས་དགོན་པ་བཅས་སུ་སོང་སྟེ་མི་རིགས་ཆོས་ལུགས་བྱ་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད།གཙོས་སུ་བཞུགས་མོལ་གྲོས་ཚོགས་ཚོགས།

    ཟླ 6པའི་ཚེས 16ཉིན་ལ། ཁུལ་ཡོངས་ཀྱི་འབྲིང་རྒྱུགས་སྤྲོད་པའི་སློབ་མ་ཁྲི 1.1ལྷག་ཙམ་ཡིད་ཆེས་ཀྱིས་ཁེངས་ནས་རྒྱུགས་སྤྲོད་ས་ཚིགས 12སུ་བསྐྱོད་དེ་མི་ཚེའི་ཁྲོད་ཀྱི་ཡིག་རྒྱུགས་ཆེན་པོ་དང་བོ་དེ་བླངས།
    རྒྱུས་ལོན་བྱུང་བ་ལྟར་ན། 2022ལོར་ཁུལ་ཡོངས་སུ་འབྲིང་རྒྱུགས་སུ་ཞུགས་མཁན་སློབ་མ 11156ཡོད་པ་དང་དེའི་ནང་དཀྱུས་མའི་རིགས 6293དང་རྒྱ་ཡིག་གཙོ་བོའི་སློབ་མ 1098དང་། བོད་ཡིག་གཙོ་བོའི་སློབ་མ 3795ཡོད། ཁུལ་ཡོངས་སུ་རྒྱུགས་ཁུལ 8དང་རྒྱུགས་སྤྲོད་ས་ཚིགས 12ཡོད། རྒྱུགས་ར 388ཡོད་ལ་དེའི་ནང་དཀྱུས་མའི་རིགས 219དང་བོད་ཡིག་གཙོ་བོའི་རྒྱུགས་ར 130རྒྱ་ཡིག་གཙོ་བོའི་རྒྱུགས་ར 39བཅས་ཡོད།།

     ཉེ་ཆར། ཀན་ལྷོ་ཁུལ་གྱིས 2022ལོའི“6.14འཛམ་གླིང་གི་ཟུངས་ཁྲག་འབུལ་མཁན་ཉིན་མོའི”དྲིལ་བསྒྲགས་བྱ་འགུལ་གཙོས་གྲོང་ཁྱེར་གྱི་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་སྤེལ། དམིགས་ཡུལ་ནི་རིན་མེད་ཀྱིས་ཁྲག་སྦྱིན་གཏོང་བའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ཡིན།།

     ཉེ་ཆར།“བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ལ་བརྩི་སྲུང་བྱས་ནས། འགན་ཁུར་བ་དང་བོ་ཡག་པོ་བྱ་དགོས”ཞེས་པའི་བརྗོད་བྱ་གཙོ་བོའི་ཀན་ལྷོ་ཁུལ་གྱི2022ལོའི“6.16”ཐེངས 21པའི་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་བསྒྲགས་བློ་འདྲི་ཉིན་མོའི་བྱ་འགུལ་གཙོས་གྲོང་ཁྱེར་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་སྤེལ།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།