中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟ་སྲུང་བ་སྟོང་བདུན་དང་ཉིས་བརྒྱ་དོན་དྲུག་གིས་སྐྱེ་ཁམས་ལ་བརྟེན་ནས་འཚོ་ཚིས་སྒྲུབ་བཞིན་ཡོད།
དུས་ཚོད།2016-11-23 10:47:11     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།    ཆུང་། | འབྲིང་། | ཆེ།
    རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་སྤེལ་བ་ནས་བཟུང་། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་ཕྱོགས་ནས་སྤོབས་པ་ཆེན་པོས་བཅོས་སྒྱུར་དང་འཚོལ་དཔྱོད་བྱས་ཡོད་པ་དང་། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་ལམ་ལུགས་གསར་གཏོད་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་ཀྱི་ལྟ་སྲུང་དང་ཐོན་ལས་གཉིས་གཞི་གཅིག་ཅན་གྱི་གནད་འཁེལ་དབུལ་སྐྱོར་གྱི་རྣམ་པ་གསར་སྐྲུན་བྱས། ཉེ་ལམ། གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དབུལ་ཕོངས་ཁྱིམ་ཚང་གི་སྐྱེ་ཁམས་ལྟ་སྲུང་བ་སྟོང་བདུན་དང་ཉིས་བརྒྱ་དོན་དྲུག་གིས་སྐྱེ་ཁམས་ལ་བརྟེན་ནས་རང་གི་འཚོ་ཚིས་སྒྲུབ་བཞིན་ཡོད།
     འབྲོག་དམངས་ཀྱི་སྐྱེ་ཁམས་ལྟ་སྲུང་དང་ཕྱུགས་འགྱུར་ནུས་པ་ཇེ་དྲག་ཏུ་གཏོང་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྲིད་ཇུས་ལམ་ལུགས་གཏན་འབེབས་ཚོད་ལྟའི་སྟེང་དུ། སྐྱེ་ཁམས་སྲུང་སྐྱོབ་དང་གནད་འཁེལ་དབུལ་སྐྱོར་གཉིས་ཟུང་དུ་སྦྲེལ་ནས། འབྲོག་དམངས་ཧུར་བརྩོན་ཆེན་པོས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་བརྩོན་པ། ལས་ཞུགས་དང་ལས་གནས་གསར་སྒྱུར། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་གཏོང་བ་བཅས་གཞི་གཅིག་ཏུ་སྦྲེལ་བའི་སྒོ་ནས། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བརྩོན་སེམས་ཆེ་རུ་བསྐྱེད་དེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཁྲོད་ཟབ་ཞུགས་བྱེད་དུ་བཅུག།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།