中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་བར་བསུ་བ་ཞུ་བའི་དྲིལ་བསྒྲགས་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་ཆེན་པོ་དེ་བས་གཅིག་སྒྲིལ་ཐུབ་པ་བྱ་དགོས་པའི་ནན་བཤད་གནང་བ།
དུས་ཚོད།2017-04-14 09:35:48     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།    ཆུང་། | འབྲིང་། | ཆེ།
    ཟླ4ཚེས10ཉིན་། རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་བཏང་སྟེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་གཅིག་སྒྲིལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བར་བསུ་བ་ཞུ་བའི་དྲིལ་བསྒྲགས་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་།
     ལིའུ་ཡུན་ཧྲན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་གལ་འགངས་ཆེ་ཤོས་ནི་སྔོན་དཔག་བརྟན་པོ་དང་། བསམ་བློ་བརྟན་པོ། མི་སེམས་བརྟན་པོ་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་མཐུན་སྒྲིལ་བརྟན་ལྷིང་གི་ལས་ཀའི་ངར་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བ། གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་གསུང་བཤད་གལ་ཆེན་རབ་དང་རིམ་པའི་གལ་ཆེའི་དོན་སྙིང་དང་། ཕུན་སུམ་ཚོགས་པའི་ནང་དོན། ཚན་རིག་དང་མཐུན་པའི་མ་ལག ལག་ལེན་གྱི་བླང་བྱ་བཅས་འཆད་འགྲེལ་གཏིང་ཟབ་བྱེད་པ་དང་། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ལ་འཆད་འགྲེལ་བྱས་ཏེ་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེ་བས་ལེགས་པ་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱ་དགོས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཏང་ཀྲུང་དབྱང་གི་འདུ་ཤེས་གསར་བ་དང་། དགོངས་པ་གསར་བ། འཐབ་ཇུས་གསར་བ་བཅས་ཀྱི་བརྗོད་དོན་གཙོ་བོ་གལ་ཆེན་དྲིལ་བསྒྲགས་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གང་ལེགས་མངོན་པ་བྱས་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཡག་པོ་བཤད་ནས་ལས་བྱེད་མང་ཚོགས་ཀྱིས“གདེང་ཚོད་བཞི”བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱ་དགོས། སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གླེང་མང་བའི་གནད་དོན་དང་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ཁྲིད་སྟོན་དང་། གནད་སྨིན་ཁྲིད་སྟོན། ནུས་ལྡན་ཁྲིད་སྟོན་བཅས་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་ལན་ཧུར་ཐག་འདེབས་པ་དང་སྤྱི་ཚོགས་ཀྱི་སྔོན་དཔག་ལ་ལུགས་མཐུན་ཁྲིད་སྟོན་བྱས་ཏེ་དོགས་གནད་དེ་བས་ཡག་པའི་ངང་སེལ་བ་དང་། ཐུན་མོང་གི་ངོས་འཛིན་ལ་ཤུགས་སྣོན་རྒྱག་པ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་དགོས་ཞེས་གསུངས།
     ལིའུ་ཡུན་ཧྲན་གྱིས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ས་འཛུགས་སྐྱོང་དང་དོ་དམ་བྱེད་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ལས་དོན་གྱི་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱ་དགོས། དོ་དམ་བྱེད་མཁན་གཙོ་བོས་གཙོ་གཉེར་དང་ཁོངས་གཏོགས་ས་ཆ་དོ་དམ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆེད་དོན་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་ནས་དྲིལ་བསྒྲགས་རིག་གནས་ཁྱབ་ཁོངས་ཀྱི་ཕྱོགས་ཁག་གི་ལས་དོན་ཐད་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཕྱོགས་སྟོན། རིན་ཐང་གི་ལྟ་བའི་འཛིན་ཕྱོགས་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་འགན་ལེན་བྱེད་པ་དང་། དྲིལ་བསྒྲགས་རིག་གནས་ཀྱི་འཐབ་ས་ཁག་གིས་དེ་བས་ཡག་པའི་སྒོ་ནས་ཏང་གི་དགོངས་ཚུལ་བརྒྱུད་བསྒྲགས་བྱེད་པ་དང་མི་དམངས་ཀྱི་རེ་འདུན་མཚོན་པའི་འགན་ལེན་བྱ་དགོས། སྐྱོན་བྲལ་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་འཛུགས་སྐྱོང་ནུས་ལྡན་བྱས་ཏེ་དྲ་ཐོག་གི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་རྒྱའི་ཁོར་ཡུག་སྔར་བས་གཙང་མ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་།།
རྩོམ་སྒྲིག་པ། བྲག་དཀར་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།