中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།《ང་ཚོ་ཀྲུང་གོར་སྐྱེས》ཞེས་པའི་དྲིལ་བསྒྲགས་པར་གཞི་ཉིའུ་གཡོད་སྐབས་དོན་ཚགས་པར་ཐང་ཆེན་གྱི་བརྙན་ཤེལ་ཆེན་པོའི་ཐོག་བསྟན་པ།
དུས་ཚོད།2017-04-28 10:54:54     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།    ཆུང་། | འབྲིང་། | ཆེ།
      ཟླ4ཚེས21ཉིན་གླིང་ཆེན་ཨ་མེ་རི་ཁ་བྱང་མར་ཀྲུང་གོའི་རྩ་ཆེའི་སྲོག་ཆགས་དོམ་ཁྲ་དང་། སྤྲེའུ་ཁྲ། གསའ་སོགས་གཙོ་བོར་བྱས་པའི་གནས་ཚུལ་དངོས་མཚོན་གྱི་གློག་བརྙན《ང་ཚོ་ཀྲུང་གོར་སྐྱེས》ཞེས་པ་སྟོན་པའི་བྱེད་སྒོ་སྤེལ་བ་རེད། ལམ་འགྲོ་རྒྱུག་པའི་ཨ་རིའི་ཉིའུ་གཡོད་ཀྱི་ལྟད་མོ་བ་གློག་བརྙན་ཁང་ནང་མ་འཛུལ་གོང་སྐབས་དོན་ཚགས་པར་གྱི་ཐང་ཆེན་གྱི“ཀྲུང་གོའི་བརྙན་ཤེལ”ཐོག་ནས་གནས་ཚུལ་དངོས་མཚོན་གློག་བརྙན་གྱི་ངོ་མཚར་ཆེ་བའི་དུམ་བུ་དེ་སྔོན་ལ་བལྟ་རྒྱུ་བྱུང་ཡོད་པ་རེད།
      ཚེས་20ཉིན་ནས་བཟུང་《ང་ཚོ་ཀྲུང་གོར་སྐྱེས》ཞེས་པའི་དྲིལ་བསྒྲགས་པར་གཞི་དེ་སྐབས་དོན་ཚགས་པར་ཐང་ཆེན་གྱི་ཐོག་སོ་གཉིས་པའི་ཐོག་བསྒར་བའི“ཀྲུང་གོའི་བརྙན་ཤེལ”ཐོག་སྟོན་འགོ་ཚུགས་ཡོད་པ་རེད། དེ་ནི་ཏི་ཧྲི་ཉི་གློག་བརྙན་ལས་རིགས་ཀྱིས་བརྙན་ཤེལ་ཆེན་པོ་དེར་ཚད་བརྒྱབ་ནས་བཟོས་པ་ཞིག་ཡིན་པ་རེད། རེས་མོས་ངང་སྟོན་པའི་དོམ་ཁྲ་དང་། སྤྲེའུ་ཁྲ། གསའ། གཙོད། ཁྲུང་ཁྲུང་མཚོག་དམར་སོགས་ཀྱི་སྲོག་ཆགས་ཕྱི་རོལ་དུ་འཚོ་གནས་བྱེད་པའི་རྣམ་པ་ལས་འགྲོ་མི་མང་པོ་ཞིག་གི་ཡིད་དབང་འཕྲོག་ནས་དེར་བལྟས་ཡོད་པ་རེད།
     《ང་ཚོ་ཀྲུང་གོར་སྐྱེས》ཞེས་པ་དེ་ཏི་ཧྲི་ཉི་གློག་བརྙན་ལས་རིགས་དང་ཀྲུང་གོའི་འབྲེལ་ཡོད་མཉམ་ལས་ཕྱོགས་ཀྱིས་མཉམ་འབྲེལ་ཐོག་པར་བླངས་པ་ཞིག་ཡིན་པ་དང་། འཁྲབ་ཁྲིད་པ་ནི་ལུའུ་ཁྲོན་ཡིན་པ་དང་། 2016ལོའི་ཟླ་8པར་ཀྲུང་གོར་གློག་བརྙན་དེ་བསྟན་རྗེས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད། 2014ལོ་ནས་གློག་བརྙན་དེར་དུས་བཞིའི་འགྱུར་ལྡོག་བརྒྱུད་ཀྲུང་གོའི་མངའ་ཁོངས་ཆ་ཚང་བརྒྱུད་སུ་དོམ་ཁྲ་དང་། སྤྲེའུ་ཁྲ། གསའ། གཙོད། ཁྲུང་ཁྲུང་མཚོག་དམར་སོགས་ཀྱི་རྩ་ཆེའི་སྲོག་ཆགས་པར་ལེན་བྱས་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་གསུམ་གྱི་འཚོ་གནས་བྱ་ཡུལ་བརྒྱུད་ནས་དེ་ཚོ་འཚར་ལོངས་དང་། དགའ་སྤྲོ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་སོགས་ཀྱི་བརྗོད་དོན་གཙོ་བོ་གཙོ་གནད་ཐོག་བརྒྱུད་བསྒྲགས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་རང་བྱུང་དང་། སྣོད་བཅུད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཞི་མཐུན་བཅས་གསོན་ཉམས་དོད་པོའི་ངང་མངོན་པར་བྱས་ཡོད་པ་རེད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།